རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རོགས་སྐྱོར་ལས་གཞི་སྟེ་བྱིས་པའི་ཟློས་གར་འཁྲབ་གཞུང་བརྙན་འབེབས་བྱེད་པའི་འགོ་བརྩམས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རོགས་སྐྱོར་ལས་གཞིས་སྒྱུ་རྩལ་གྱི་རྣམ་པ་ལ་བརྟེན་ནས་བྱིས་པའི་འཁྲབ་གཞུང《གངས་ལྷ་མེ་ཏོག་བཞད་པ》ཞེས་པ་དེ་ཟླ4པའི་ཚེས26ཉིན་རང་ཞིང་དུ་བརྙན་ཕབ་འགོ་བརྩམས་པ་རེད།

འཁྲབ་གཞུང་དེ་ནི་མཚོ་སྔོན་ཞིང་ཆེན་ཕེན་ཞོན་སྒྱུ་རྩལ་སྲུང་སྐྱོབ་རྒྱུན་འཛིན་ལྟེ་གནས་གཏམ་བརྗོད་ཟློས་གར་ཚོགས་པ་དང་ཕེན་ཞོན་ཟློས་གར་ཚོགས་པས་གསར་རྩོམ་བརྙན་ཕབ་བྱས་པ་ཡིན་ལ། དེ་ཡང་མ་གཞི་ནས་བདེ་སྐྱིད་དང་མཛེས་སྡུག་གི་ཁྱིམ་ཚང་ཅིག་ཧམ་སེམས་དང་འདོད་རྔམ་གྱི་དབང་གིས་རྨེག་མེད་དུ་སོང་བའི་བརྒྱུད་རིམ་གྱི་གཏམ་རྒྱུད་བརྒྱུད་བྱིས་པ་དང་ཁྱིམ་བདག་རྣམ་པར་བདེ་སྐྱིད་དང་སྤྲོ་སྣང་ངོ་མ་དེ་ཅི་ཞིག་ཡིན་པར་གསལ་འདེབས་བྱས་ཤིང་། བདེན་དོན་དང་མཛེས་སྡུག་ལ་ཉེ་བར་བཅར་ནས་རྫུན་དང་གདུག་རྩུབ་ལ་རིང་དུ་གྱེས་པ། མཛེས་སྡུག་གི་འཚོ་བར་གཅེས་སྐྱོང་བྱེད་པ། མཛའ་བརྩེ་དང་བརྩེ་དུང་། བརྩེ་བ་བཅས་ལ་གཅེས་སྤྲས་བྱེད་དགོས། འཁྲབ་གཞུང་དེས་བྱིས་པའི་བསམ་བློ་དང་བྱིས་པའི་འཆར་སྣང་། བྱིས་པའི་སྐད་བརྡ། བྱིས་པའི་བརྩེ་སེམས་སོགས་དམ་འཛིན་བྱས་ཏེ་ཟློས་གར་གྱི་བྱེད་ཐབས་བརྒྱུད་མི་དང་མིའི་བར་གྱི་འབྲེལ་བ། མི་དང་རང་བྱུང་བར་གྱི་འབྲེལ་བ་སོགས་ཚུར་མཚོན་བྱས་ཡོད། དེ་མིན་བདེ་སྐྱིད་དང་སྤྲོ་སྣང་གི་བདེན་ལུགས་འཚོལ་སྙེག་དང་དྲང་བདེན་གྱི་སྲོལ་རྒྱུན་མཛེས་སྡུག་གིས་བསྟོད་གླུ་དབྱངས་ལ་གྱེར་ཏེ་ཧམ་སེམས་ལས་བྱུང་བའི་ལོག་རྟོག་གི་མཇུག་འབྲས་ཕྱིར་མངོན་དུ་བཅུག་ཤིང་རང་བྱུང་དང་སྐྱེ་ཁམས་ལ་གཅེས་སྐྱོང་བྱེད་པ། མིའི་ནང་སེམས་ཀྱི་ཆེས་ལྷད་མེད་པའི་བར་སྟོང་དེ་སྲུང་འཛིན་བྱས་ཡོད། ཟློས་གར་དེ་ཧྲིལ་པོ་བྱིས་པར་སྤྲོ་སྣང་ལྡན་པའི་གཏམ་རྒྱུད་རྒྱས་བཤད་ཀྱིས་ཁེངས་ཤིང་བཀག་རྒྱ་མེད་པའི་མི་སྣ་ཇུས་འགོད་དང་གླུ་གར་ཟུང་སྡེབ་ཀྱི་གར་སྟེགས་རྣམ་པས་རེས་མཛེས་རེས་སྡུག་གི་གར་སྟེགས་རྣམ་པ་བསྐྲུན་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གསར་གཏོད་གཞི་རྒྱུ་ཡིས་བྱིས་པའི་བློ་སེམས་བཀུགས་ཤིང་བྱིས་སྒྲུང་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་སུ་བྱིས་པའི་བློ་སྒོ་འབྱེད་པའི་མཚན་ཉིད་རིག་པ་དང་ཁྱིམ་བདག་དག་དྲང་བདེན་གྱི་ཀུན་སྤྱོད་དང་ཉེ་བར་བཅར་ནས་གདུག་རྩུབ་དང་ལོག་རྟོག་ལ་རིང་དུ་གྱེས་ནས་རང་བྱུང་ཁམས་ལ་སྲུང་སྐྱོབ་དང་བྱིས་པ་དག་ལ་དབང་བའི་བདེ་སྐྱིད་དང་སྤྲོ་སྣང་ལ་གཅེས་སྤྲས་བྱེད་པར་སྣེ་ཁྲིད་བྱས་ཡོད།

ཐེངས་འདིའི་འཁྲབ་སྟོན་གསར་རྩོམ་རུ་དཔུང་གི་ཆ་སྙོམས་ལོ་ཚོད་ནི་ལོ30ཡིན་ཞིང་ཡོད་ཚད་རང་ཞིང་གི་ས་ཁུལ་སོ་སོ་ནས་འོངས་བ་རེད། འཁྲབ་གཞུང་དེའི་གསར་རྩོམ་གཙོ་བོའི་ཆ་ལ་རང་ཞིང་གི་གཞི་རིམ་དང་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་ཁྱད་ཆོས་བསྡུ་རུབ་བྱས་ཤིང་། མཇུག་མཐར་རང་ཞིང་གི་མཚོ་སྔོན་པོ་ནི་གཏམ་རྒྱུད་དེ་འབྱུང་ཡུལ་དུ་བྱས་ཤིང་མི་དང་རང་བྱུང་འཆམ་མཐུན་ལ་ཟུང་འབྲེལ་གྱིས་འཚོལ་སྙེག་དང་སྔོག་འདོན་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།