རང་ཞིང་གི་མི་མངོན་གཏེར་ཁུངས་ཐོན་རྫས་ཀྱི་རིན་ཐང་སྒོར་དུང་ཕྱུར100ལ་ཉེ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་སྔོན་གསར་འགོད་པས་ཞིང་ཆེན་ས་ཁུངས་གཏེར་ལས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་དུ་སྔ་གཞུག་བར་གཏེར་རྫས་རིགས་མི་འདྲ་བ134གསར་རྙེད་བྱུང་བ་དང་། དེའི་ཁྲོད་ཅ་དང་ཚྭ་སོགས་གཏེར་རྫས་རིགས11གི་གསོག་འཇོག་གྲངས་ཀ་ནི་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ལ། གཏེར་རྫས་རིགས་མི་འདྲ་བ60གསོག་འཇོག་གི་གྲངས་ཀ་ནི་རྒྱལ་ཡོངས་ཀྱི་ཨང་བཅུ་པར་སླེབས་ཡོད་ལ། དེའི་མི་མངོན་པའི་རིན་ཐང་ནི་སྒོར་དུང་ཕྱུར100ལ་སླེབས་ཡོད།

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ས་ཁོངས་གཏེར་ལས་ཅུའུ་ཡིས་སྔ་གཞུག་ཏུ་དབུས་ཚྭ་མཚོའི་ཅ་མེས་གཏེར་ཁུངས་དང་དབྱི་ལྕགས་རི་བོའི་ཞ་ཉེ་དང་ཞིན་གྱི་གཏེར་ཁུངས། གསེར་ཐང་ཟངས་གཏེར། ཏ་ཁྲང་གསེར་གཏེར་སོགས་འདུས་ཚད་སྟུག་པོར་འཚོལ་བཤེར་བྱས་པ་བརྒྱུད་གཏེར་ཁུངས་འབྲིང་གྲས300རྙེད། མཚོ་སྔོན་ཚྭ་མཚོའི་ཅ་ལུད། ནུབ་རྒྱུད་གཏེར་ཁུངས་སོགས་ཐོན་ལས་གཞི་རྐང་གལ་ཆེན་སྐོར་ཞིག་ཀྱང་གསར་དུ་རྙེད། རིགས་མི་འདྲ་བའི་གཏེར་གྱི་ཐོན་རྫས134གསར་རྙེད་བྱུང་བ་དང་དེའི་ཁྲོད་ཅ་དང་ཚྭ་སོགས་གཏེར་ཁུངས་ཐོན་རྫས་ཀྱི་གསོག་འཇོག་ཚད་གཞི11རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། གཏེར་རྫས་རིགས་མི་འདྲ་བ60གསོག་འཇོག་གི་གྲངས་ཀ་ནི་རྒྱལ་ཡོངས་ཀྱི་ཨང་བཅུ་པར་སླེབས་ཡོད་ལ། དེའི་མི་མངོན་པའི་རིན་ཐང་ནི་སྒོར་དུང་ཕྱུར100ལ་སླེབས་ཡོད། ན་གོར་མོ་དང་གཏེར་ལམ། དབྱི་ལྕགས་རི་བོ། གསེར་ཐང་སོགས་ལས་གཏེར་ཁུངས་མང་པོ་རྙེད་པས། རང་ཞིང་གི་ཐོན་ཁུངས་འཕེལ་རྒྱས་གཙོ་བོ་ཡིན་པའི་དར་རྒྱས་ཆེ་བའི་བཟོ་ལས་མཁར་གྲོང་ཅན་དུ་གྱུར་ཡོད།

ལོ་འདི་དག་གི་རིང་ལ། ཞིང་ཆེན་ས་ཁོངས་གཏེར་ལས་ཅུའུ་ཡིས་འཕེལ་རྒྱས་གསར་པའི་འདུ་ཤེས་ཀྱི་དོན་དངོས་གཞིར་བཟུང་ནས་བསྒྱུར་བ་བཞི་ལ་སྐུལ་འདེད་དང་ཏན་ཏིག་བཞིའི་དགོས་འདོད་གལ་ཆེན་ལག་བསྟར་བྱས་ཏེ། ས་རྒྱུ་བྱ་བའི་རིམ་བསྒྱུར་དེ་གོམ་སྟབས་ཅན་ལ་རིམ་བསྒྱུར་བྱས་ཤིང་།  ལྗང་མདོག་ས་རྒྱུའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་གྲུབ་ཚུལ་ཇེ་མགྱོགས་སུ་བཏང་ནས་ཁྱོན་ཡོངས་ནས་ལྗང་མདོག་རྩད་ཞིབ་གསར་སྤེལ་བྱས་ཏེ་མཚོ་སྔོན་མཐོ་སྒང་ལ་འཚམ་ཞིང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ལྗང་མདོག་རྩད་ཞིབ་གསར་སྤེལ་གྱི་ལག་རྩལ་ཐབས་ལམ་གྲུབ་ནས་བྲག་རྡོ་ལས་བྱུང་བའི་སོལ་རླངས་དང་སྐམ་ཚའི་བྲག་རྡོ། ཅ་ཚྭ། ཟངས་སྙིགས་སོགས་གཙང་སེལ་ནུས་ཁུངས་དང་དེ་མིན་འཐབ་ཇུས་རང་བཞིན་གྱི་གཏེར་རྡོའི་རྩད་ཞིབ་གསར་སྤེལ་ཐད་ལ་གྲུབ་འབྲས་འབུར་ཐོན་བླངས། མཚོ་ཤར་དང་ཚྭ་འདམ་གཞོང་ས་རུ་སེ་ཡི་འདུས་ཚད་སྟུག་པོའི་གཤིན་ས་གལ་ཆེན་ཞིག་གསར་རྙེད་བྱུང་བ་དང་གཞོང་ཐང་ནི་མཐོ་སྒང་གི་སེ་མོད་པོའི་གྲོང་ཁྱེར་དུ་གསར་བཟོ་བྱས། ས་རྒྱུ་ལག་རྩལ་གྱིས་ཁྱབ་རྒྱ་ཆེ་བའི་ཞབས་ཞུ་ལ་བརྟེན་ནས་གནོད་འགོག་གནོད་འཚེ་ཇེ་ཉུང་ལ་བཏང་ཞིང་ཁོར་ཡུག་གི་རྒྱུ་སྤུས་ལ་བརྟག་དཔྱད་བྱས་པ། སྤགས་བཙོག་ཐེབས་པའི་གཤིན་ས་ལ་ཞིག་གསོ་བཅོས་སྐྱོང་བྱས་པ། མཐོ་སྒང་གི་སྐྱེ་ཁམས་ཞིང་ལས། ས་རྒྱུའི་སྤྱི་གླིང་གསར་འཛུགས་བྱེད་པ་སོགས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་དགོས་མཁོ་གསར་པ་གཞིར་བཟུང་ནས་ཅིན་ཧའེ་གཏེར་ལས་དང་པུའུ་ཞོན་ཚྭ་མཚོ་སོགས་ནི་ཞིང་ཆེན་རིམ་པའི་ལྗང་མདོག་གཏེར་ཁུངས་དུ་བདམས་ཐོན་བྱུང་ཤིང་། མདོ་དབུས་མཐོ་སྒང་གི་ལྗང་མདོག་འཕེལ་རྒྱས་གཏེར་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་འཛུགས་བྱས་ཏེ་དཔེར་མཚོན་རང་བཞིན་གྱི་སྣེ་ཁྲིད་བྱེད་ནུས་མངོན་གསལ་ཐོན་ཡོད། མཚོ་སྔོན་གཏེར་ཁུངས་དེ་ཐོན་ཁུངས་ཞབས་ཞུའི་ལས་རིགས་ཀྱི་སྔོན་ཐོན་ཅན་དུ་གྱུར་བ་མ་ཟད། ད་རུང་ལྗང་མདོག་འཕེལ་རྒྱས་ཀྱི་སྔོག་འདོན་མཁན་དུ་ཡང་གྱུར་ཏེ། འཕེལ་རྒྱས་ཀྱི་བྱེད་ཐབས་ནི་རིམ་བཞིན་ཐོན་ཁུངས་ལ་འགན་སྲུང་ཐུབ་པའི་ཐོན་ཁུངས་གཙོ་བོའི་ཕྱོགས་ནས་ཁོར་ཡུག་དང་དམངས་འཚོ་ཟུང་འབྲེལ་བྱེད་པའི་དུས་རབས་གསར་པའི་ས་རྒྱུ་བྱ་བའི་དཀྱོགས་མཚམས་སུ་གྱུར་ནས་སྤྱི་ཚོགས་ལ་རྣམ་པ་གསར་པའི་སྐྱེ་སྟོབས་དང་གསོན་ཤུགས་ལྡན་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།