དོན་ལས་སྡེ་ཁག་གི་ལས་བྱེད་མི་སྣ་བསྡུ་བའི་བརྡ་སྦྱོར།

 《མཚོ་སྔོན་ཞིང་ཆེན་དོན་ལས་སྡེ་ཁག་གིས་ལས་མི་བསྡུ་བའི་བྱེད་ཐབས》ཀྱི་གཏན་འབེབས་ལྟར།2018ལོར་རང་ཞིང་གི་དོན་ལས་སྡེ་ཁག་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་ལས་བྱེད་མི་སྣ910བསྡུ་རྒྱུ་ཡིན་པ་དང་།དོན་ཚན་དང་འབྲེལ་བའི་བརྡ་སྦྱོར་ནི་གཤམ་གསལ་ལྟར།

དང་པོ། ལས་བྱེད་མི་སྣ་བསྡུ་བའི་ཁྱབ་ཁོངས།

ཐེངས་འདིའི་ལས་བྱེད་མི་སྣ་བསྡུ་བའི་ཁྱབ་ཁོངས་ནི་ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ཡོད་པ་དང་།ཞིང་ཆེན་ཡོངས་ཁ་ཕྱོགས་ནས་ལས་བྱེད་མི་སྣ་བསྡུ་བའི་ལས་གནས་ནི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་རང་ཞིང་གི་ཁྱིམ་ཐོ་ཡིན་པ་དང་།རང་ཞིང་གི་སྐྱེ་ཁུངས་ཡིན་པ།རང་ཞིང་གི་སློབ་ཆེན་ཁག་ནས་ཐར་ཕྱིན་པའི་སློབ་མ་ཡིན་ལ།རང་ཞིང་གི་གཞི་རིམ་ནས་ཞབས་ཞུ་བྱེད་བཞིན་པའི་མཐར་ཕྱིན་སློབ་མ།རང་ཞིང་གི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མི་བཅས་ཡིན་པ་རེད།

  མི་གཅིག་གིས་ལས་གནས་གཅིག་ལ་མ་གཏོགས་མིང་ཐོ་བཀོད་མི་ཆོག་པ་རེད།

གཉིས་པ།ལས་བྱེད་མི་སྣ་བསྡུ་བའི་གོ་རིམ།

ཐེངས་འདིའི་ལས་བྱེད་མི་སྣ་བསྡུ་བའི་གོ་རིམ་ནི་ལས་བྱེད་མི་སྣ་བསྡུ་བའི་བརྡ་སྦྱོར་གྱི་ཆ་འཕྲིན་ལྟར།ལས་བྱེད་མི་སྣ་བསྡུ་བའི་ཆ་འཕྲིན་གསལ་བསྒྲགས་བྱེད་པ་དང་།

  དྲ་ཐོག་ནས་མིང་ཐོ་འགོད་པ་དང་།དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་བྱེད་པ།ཡིག་རྒྱུགས་ལེན་པ།ཡུལ་དངོས་སུ་ཐོབ་ཐང་བསྐྱར་བཤེར་བྱེད་པ།ཁ་རྒྱུགས་ལེན་པ།ལུས་པོར་བརྟག་དཔྱད་བྱེད་པ།ཞིབ་མཆན་བཀོད་ནས་ལས་ཁུངས་དུ་ལེན་པ་བཅས་གོ་རིམ་བཞིན་བསྒྲུབ་དགོས་པ་རེད།

གསུམ་པ། མིང་ཐོ་འགོད་སྟངས་དང་དུས་ཚོད།

  1ཐེངས་འདིའི་ལས་བྱེད་མི་སྣ་བསྡུ་བའི་མིང་ཐོ་འགོད་པའི་བྱ་བ་ནི་།དྲ་ཐོག་ནས་མིང་ཐོ་འགོད་པ་དང་།དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་བྱེད་པ།དྲ་ཐོག་ནས་དངུལ་སྤྲོད་པ།དྲ་ཐོག་ནས་རྒྱུགས་སྤྲོད་འཛིན་བྱང་དཔར་བ་སོགས་ཀྱི་རྣམ་པ་སྤྱོད་དགོས་པ་དང་།

  མིང་ཐོ་འགོད་པའི་དུས་ཚོད་ནི2018ལོའི་སྤྱི་ཟླ5པའི་ཚེས2ཉིན་གྱི་ཆུ་ཚོད9ནས་ཚེས8ཉིན་གྱི་ཆུ་ཚོད18བར་ཡིན་པ་དང་།དྲ་ཐོག་དངུལ་སྤྲོད་པའི་དུས་ཚོད་ནི་2018ལོའི་སྤྱི་ཟླ5པའི་ཚེས2ཉིན་གྱི་ཆུ་ཚོད་9ནས་སྤྱི་ཟླ5པའི་ཚེས12ཉིན་གྱི་ཆུ་ཚོད24བར་ཡིན་ལ།ཆ་འཕྲིན་བསྐྱར་བཅོས་བྱེད་པའི་དུས་ཚོད་ནི2018ལོའི་སྤྱི་ཟླ5པའི་ཚེས14ཉིན་གྱི་ཆུ་ཚོད9ནས་ཆུ་ཚོད16བར་ཡིན་པས། ཞིབ་དུ་རྒྱུན་ལོན་བྱེད་འདོད་ནwww.qhpta.comདྲ་བར་གཟིགས་རོགས།

  2སྐར་མ་སྣོན་པའི་ཆ་རྐྱེན་དང་མཐུན་པའི་སློབ་མ་དེ་གྲངས་ཉུང་མི་རིགས་དག་གི་སློབ་མ་དག་ལས་གཞན་པའི་སློབ་མ་དག་གིས་དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་བྱས་ཏེ་དངུལ་སྤྲད་པའི་རྗེས་སུ་མི་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་ཁྱིམ་ཐོ།སྐར་མ་སྣོན་པའི་ཆ་རྐྱེན་དང་མཐུན་པའི་འབྲེལ་ཡོད་ཀྱི་དཔང་ཡིག་དག་ཁྱེར་ནས་སྤྱི་ཟླ5པའི་ཚེས16ཉིན་ནས་སྤྱི་ཟླ5པའི་ཚེས17ཉིན་བར་ཞིང་ཆེན་མི་ཤུགས་ཐོན་ཁུངས་མདང་སྤྱི་ཚོགས་འགན་སྲུང་ཐིན་ཁང་པ419((西宁市五四西路5号)ནང་དུ་སོང་ནས་ཡུལ་དངོས་སུ་སྐར་མ་བསྣན་ཆོག་པ་རེད།

བཞི་པ། ཡིག་རྒྱུགས་ལེན་པའི་དུས་ཚོད།

  1ཐེངས་འདིའི་རྒྱུགས་གཞི་ནི་ཁ་རྒྱུགས་དང་ཡིག་རྒྱུགས་རིགས་ཆེན་པོ་གཉིས་སུ་དགར་ཡོད་པ་དང་།ཁ་རྒྱུགས་ཀྱི་སྐར་གྲངས་ཀྱིས་སྤྱིའི་སྐར་གྲངས་ཀྱི་བརྒྱ་ཆའི40ཟིན་པ་དང་།ཡིག་རྒྱུགས་ཀྱི་སྐར་གྲངས་ཀྱིས་སྤྱིའི་སྐར་གྲངས་ཀྱི་བརྒྱ་ཆའི60ཟིན་པ་རེད།

  གཅིག ཡིག་རྒྱུགས་ལེན་པའི་དུས་ཚོད།

  ཡིག་རྒྱུགས་ལེན་པའི་དུས་ཚོད་ནི2018ལོའི་སྤྱི་ཟླ5པའི་ཚེས26ཉིན་ཡིན་པས།བྱེ་བྲག་གི་ས་གནས་རྒྱུགས་སྤྲོད་འཛིན་བྱང་སྟེང་གསལ།

  2 ཡུལ་དངོས་སུ་ཐོབ་ཐང་ཞིབ་བཤེར་བྱེད་པ།

  ཡིག་རྒྱུགས་ཀྱི་སྐར་གྲངས་གསལ་བསྒྲགས་བྱས་པའི་རྗེས་སུ།ཁ་རྒྱུགས་ལ་ཞུགས་པའི་སློབ་མ་དག་གིས་མི་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་ཁྱིམ་ཐོ།རྒྱུགས་སྤྲོད་འཛིན་བྱང་།ལས་གནས་ཀྱི་ཆ་རྐྱེན་དང་མཐུན་པའི་མཐར་ཕྱིན་འཛིན་ཡིག་དང་འབྲེལ་ཡོད་ཀྱི་ཐོབ་ཐང་འཛིན་ཡིག་གཞན་དག་བཅས་ཀྱི་མ་ཡིག་དང་དཔར་མ་བཅས་རྨ་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ལ་མཁོ་འདོན་བྱེད་དགོས་པ་རེད།

  ཡུལ་དངོས་སུ་ཐོབ་ཐང་ཞིབ་བཤེར་བྱས་པའི་རྗེས་བོད་རྒྱ་སྐད་གཉིས་ཀྱི་ལས་གནས་སུ་མིང་ཐོ་བཀོད་ཡོད་པའི་སློབ་མ་དག་ལ་བོད་རྒྱ་སྐད་གཉིས་ཀྱི་ཆུ་ཚད་ཚོད་ལྟ་བྱས་ཏེ་ཚད་དང་མཐུན་མིན་ལ་རྒྱུགས་ལེན་རྒྱུ་ཡིན་པ་རེད།

3 ཁ་རྒྱུགས་ལེན་པ།

  ལྔ་པ། ལུས་པོར་བརྟག་དཔྱད་བྱེད་པ།

201འབྲེལ་གཏུག་ཁ་པར་ཨང་གྲངས།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན།12333

ཞིང་ཆེན་རྒྱུགས་ལེན་ལྟེ་གནས།0971-8258587

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན0971-8258130

ཀྲུང་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་།

2018ལོའི་སྤྱི་ཟླ4པའི་ཚེས28ཉིན།

ལོ་ཙཱ་བ།  ཤ་མོ་འཚོ།