ཞིང་ཆེན་ཏང་ཨུའི་སྐོར་ཞིབ་རྩ་འཛུགས་དང་པོས་མགོ་ལོག་ཁུལ་དང་དེའི་ཁོངས་གཏོགས་རྨ་ཆེན་རྫོང་དང་གཅིག་སྒྲིལ་རྫོང་། པད་མ་རྫོང་སོགས་སུ་རྒྱུན་ཆགས་ཀྱི་གཟིགས་ཞིབ་སྐོར་གཡེང་གནང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་འོག་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་རྩ་འཛུགས་དང་པོས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་རྨ་ཆེན་རྫོང་དང་གཅིག་སྒྲིལ་རྫོང་། པད་མ་རྫོང་བཅས་ལ་དུས་ཡུན་ཟླ་བ་བཞི་ཡི་རྒྱུན་ལྡན་གཟིགས་ཞིབ་སྐོར་གཡེང་གནང་། དེ་ཡང་ཟླ5པའི་ཚེས3ཉིན་ནས་ཟླ5པའི་ཚེས5ཉིན་བར་གཟིགས་ཞིབ་བྱ་བའི་སྐུལ་སློང་གྲོས་ཚོགས་བསྡུས་པ་རེད། གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་རྩ་འཛུགས་ཀྱི་འགོ་བ་བློ་བཟང་ཟླ་བས་སྐུལ་སློང་ཐད་ཀྱི་གསུང་བཤད་གནང་བ་དང་། ཞིང་ཆེན་སྐོར་ཞིབ་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་པུ་ཀྲིན་ཧྭ་ཡིས་སྐོར་ཞིབ་བྱ་བའི་ཐད་ལ་བླང་བྱ་བཏོན། མགོ་ལོག་ཁུལ་ཏང་ཨུའི་ཧྲུའུ་ཅི་ཝུའུ་དབྱི་ཀྲང་དང་རྫོང་གསུམ་གྱི་ཏང་ཨུའི་འགན་ཁུར་བློ་མཐུན་སོ་སོས་ཀྱང་ཐེངས་འདིའི་སྐོར་ཞིབ་བྱ་བའི་ཐད་ལ་རང་རང་གི་བསམ་འཆར་བཏོན་ཡོད།

བློ་བཟང་ཟླ་བས་བསྟན་དོན། སྐོར་ཞིབ་རྩ་འཛུགས་ཀྱིས་ཀྲུང་དབྱང་གི་སྐོར་ཞིབ་བྱ་བའི་བྱེད་ཐབས་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་ཆབ་སྲིད་ཀྱི་སྐོར་ཞིབ་འབུར་དུ་ཐོན་པར་བྱེད་པ། ཁུལ་དང་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་མི་སྣ་ལ་ལྟ་རྟོག་ནན་མོ་བྱེད་པ། ཏང་གི་ཆབ་སྲིད་འཛུགས་བསྐྲུན་དང་བསམ་བློའི་འཛུགས་བསྐྲུན། རྩ་འཛུགས་འཛུགས་བསྐྲུན། སྤྱོད་ལམ་འཛུགས་བསྐྲུན། སྒྲིག་ཁྲིམས་འཛུགས་བསྐྲུན་སོགས་གཙོ་གནད་དུ་བཟུང་ནས་རུལ་སུངས་ལ་འཐབ་རྩོད་བྱེད་པའི་དྲག་གནོན་རང་བཞིན་གྱི་རྒྱལ་ཁ་ལ་ལྟ་རྟོག་ཞིབ་བཤེར་ནན་མོ་བྱེད་པ། ཞིང་ཆེན་ཏང་ཨུའི་དགོས་མཁོ་ལྟར་མི་སྒེར་ལ་མི་གཙང“ལྐོག་དངུལ”ཡོད་མེད་ཐད་རྩད་གཅོད་ནན་མོ་བྱེད་པ། བཟོ་སྐྲུན་རྣམ་གྲངས་ཐད་སྒྲིག་འགལ་ཁྲིམས་འགལ་སྒོས་ལས་བསྡུ་ཚོང་འགུགས་བྱེད་པ། ལས་བྱེད་མི་སྣའི་མི་དོན་ཡིག་ཚགས་རྫུན་བཟོ་བྱེད་པ་གསུམ་གྱི་ཐད་ལ།  ཆེད་དོན་བཅོས་སྐྱོང་བྱེད་པ་དང་གནས་ཚུལ་དངོས་ལ་ལྟ་ཞིབ་ཚད་ལེན་དང་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད། དེ་དང་མཉམ་པོར་སྐོར་ཞིབ་རྩ་འཛུགས་ཀྱིས་ཁུལ་དང་རྫོང་སོ་སོའི་བྱ་བའི་གནས་ཚུལ་ལ་ཡང་ཞིབ་བཤེར་ནན་མོ་བྱེད་རྒྱུ་ཡིན་པ་རེད།

པུ་ཀྲིན་ཧྭ་ཡིས་ནན་གྱིས་བསྟན་དོན། མགོ་ལོག་ཁུལ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རང་འགུལ་སྒོས་ཞིང་ཆེན་ཧྲིལ་པོའི་སྐོར་ཞིབ་བྱ་བའི་གྲོས་ཚོགས་དང་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་སྐབས་གཉིས་པའི་སྐོར་ཞིབ་བྱ་བའི་སྐུལ་སློང་སྡེ་ཁག་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས་ཆབ་སྲིད་ཀྱི་རང་རྟོག་མཐོན་པོ་དང་ལས་འགན་ཕྲག་ཏུ་ལེན་པ། དོན་དངོས་ཀྱིས་ཡོངས་ཁྱབ་སྒོས་ཏང་གི་འགན་ཁུར་གཙོ་བོ་དམ་འཛིན་བྱས་ཏེ་ཕྲག་ཏུ་ལེན་ཕོད་པ་དང་། ཤུགས་གང་ཡོད་སྒོས་སྐོར་ཞིབ་བྱ་བར་རམ་འདེགས་དང་རྒྱབ་སྐྱོར་བྱེད་དགོས་ཤིང་། སྐོར་ཞིབ་བྱ་བའི་སྐོར་ཞིབ་ཡུལ་དངོས་ཀྱི་གོང་འོག་གཉིས་ཀར་སྔོག་འདོན་བྱེད་པའི་ཐད་བྱེད་ཐབས་ནུས་ལྡན་སྤྱོད་པ། “སྐོར་ཞིབ་མཐོར་འདེགས་སུ་གཏོང་ཚད”ཇེ་མཐོར་གཏོང་བ། “སྐོར་ཞིབ་བསྣོལ་སྦྲེལ་བྱེད་པ”དང“སྐོར་ཞིབ་ཟུང་འབྲེལ་བྱེད་པ” “འཕྲུལ་ཆས་རྣམ་པའི”སྐོར་ཞིབ་བྱེད་པ། དོན་དངོས་ཐད་སྐོར་ཞིབ་བྱ་བའི་ཐད“རྣོ་གྲི”རང་བཞིན་གྱི་བྱེད་ནུས་ཐོན་དུ་འཇུག་དགོས།

ཝུའུ་དབྱི་ཀྲང་གིས་བསྟན་དོན། ཐེངས་འདིའི་སྐོར་ཞིབ་བྱ་འགུལ་གྱིས་ཞིང་ཆེན་ཏང་ཨུ་ཡིས་མགོ་ལོག་ཁུལ་གྱི་བྱ་བའི་ཐད་ལ་བཟུང་བའི་ཚད་མཐོའི་མཐོང་ཆེན་དང་མགོ་ལོག་ཁུལ་ཏང་ཨུ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་དོ་ཁུར་གཅེས་སྐྱོང་དེ་གསལ་བོར་མཚོན་ཐུབ་ལ། ཐེངས་འདིའི་སྐོར་ཞིབ་བྱ་འགུལ་དེ་ཏང་གཤིས་སྦྱོང་བརྡར་བྱེད་པའི་གོ་སྐབས་ཤིག་ཏུ་བཟུང་ནས་ཞིབ་བཤེར་བྱ་བའི་གྲུབ་འབྲས་ཀྱི་གོ་སྐབས་དང་སྐོར་ཞིབ་བྱ་བར་ཧུར་ཐག་སྒོས་རམ་འདེགས་བྱེད་པ། རང་རྟོག་སྒོས་ལྟ་སྐུལ་ཚད་ལེན་བྱ་བ་དང་ལེན་བྱེད་པ། ཤུགས་གང་ཡོད་སྒོས་བཅོས་སྐྱོང་ལེགས་བཅོས་བྱེད་པ། ཐུན་མོང་སྒོས་སྐོར་ཞིབ་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱ་དགོས་ཟེར།

རྨ་ཆེན་རྫོང་ཏང་ཨུའི་ཧྲུའུ་ཅི་ལིག་ཙེ་ཅོན་དང་གཅིག་སྒྲིལ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་སུང་ཅིས་ཀྲིན། པད་མ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་བཅས་ཀྱིས་རང་རང་གི་བསམ་འཆར་བཏོན་པ་དང་། སྐོར་ཞིབ་བྱ་བའི་དགོངས་དོན་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་པ་མ་ཟད། ཞིབ་ཆ་ཡོད་པའི་སྒོ་ནས་ཆབ་སྲིད་ཀྱི་གོ་གནས་མཐོར་འདེགས་དང་ལྟ་བཤེར་དང་ལེན་བྱས་ཏེ་རང་རྟོག་འདུ་ཤེས་དང་གནད་དོན་བཅོས་སྒྲིག་བྱེད་པར་ཤུགས་སྣོན་བྱེད་པ། སྐོར་ཞིབ་བྱ་བའི་ཕན་འབྲས་དངོས་ལ་སྐུལ་འདེད་ཀྱིས་ཏང་བཅོས་སྐྱོང་དང་ཏང་གི་འགན་འཁྲི་ལག་ལེན་དངོས་འབབ་གསལ་པོ་བྱེད་རྒྱུ་ཡིན་པའི་བསམ་ཚུལ་བཏོན་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།