ཙོང་ཁ་རྫོང་གིས་ནུས་ཤུགས་གང་ཡོད་སྒོས“དྭངས་གཙང་ཟི་ལིང་། མཛེས་མཆོར་ཙོང་ཁ”ཡི་མིང་རྟགས་གྲགས་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ད་ལོ་ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་གིས་ནུས་ཤུགས་གང་ཡོད་སྒོས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་གྲོང་འཛུགས་བསྐྲུན་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ། “དྭངས་གཙང་ཟི་ལིང་། མཛེས་མཆོར་ཙོང་ཁ”ཡི་མིང་རྟགས་གྲགས་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱ་རྒྱུ་ཡིན་པ་རེད།

རྫོང་དེས་ལོ་མཇུག་ལ་དབུལ་ཕོངས་ལས་ཐར་པའི་སྡེ་བ་ཡོད་ཚད་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་གྲོང་འཛུགས་སྐྲུན་ཁྲོད་བཞག་པ་དང་། དབུལ་ཕོངས་ལས་ཐར་པའི་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་སྡེའི་འཛུགས་བསྐྲུན་རྣམ་གྲངས་དེ་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས་པ་རེད། རྫོང་ཡོངས་སུ་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་སྡེའི་རྣམ་གྲངས41ལ་སླེབས་པ་དང་དེ་ནི་ཞིང་བ་དུད་ཁྱིམ་ཁྲི124ལྷག་གི་མི་གྲངས་ཁྲི5.19ལ་བུད་ཡོད། དེ་དང་མཉམ་པོར“དྭངས་གཙང་ཟི་ལིང་། མཛེས་མཆོར་ཙོང་ཁ”ཡི་ཚོང་རྟགས་གྲགས་ཅན་འཛུགས་སྐྲུན་བྱེད་པར་ཟུང་འབྲེལ་བྱས་ཤིང་། “ཞིང་སྡེའི་སྡོད་དམངས་ཁོར་ཡུག་བཅོས་སྐྱོང”བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་དམ་འཛིན་བྱས་ཤིང་།  “མི་གཙང་བ་གཙང་སེལ་བྱེད་པ་དང་བཅོས་སྐྱོང་མི་ལེགས་པ་ཡོ་བསྲང་། ལྗང་མདོག་རྒྱ་ཁྱོན་གསར་སྣོན”བཅས་དམ་འཛིན་བྱས་ཡོད། གད་སྙིགས་གང་འདོད་དུ་སྤུངས་པ་དང་བཙོག་ཆུ་གང་འདོད་དུ་འཕོ་བ། སྤྱོད་ཁང་གི་མི་གཙང་བ་སོགས་ཀྱི་ཞིང་སྡེའི་ཁོར་ཡུག་གཙང་སེལ་ལ་གཅིག་བསྡུས་སྒོས་བཅོས་སྐྱོང་བྱས་ཏེ། འཕྲོད་བསྟེན་གང་ལེགས་དང་མང་ཚོགས་ཀྱིས་སྙན་ཞུ་བྱེད་པའི་འཕྲོད་བསྟེན་གྱི་གནད་དོན་གང་མང་མང་ཞིག་ཀྱང་དམ་འཛིན་བྱས་ཏེ། ཁྱོན་ཡོངས་ནས་ཆུ་བོ་གཙང་ཞིང་འབབ་རྒྱུན་རིང་བོར་རྒྱུན་འཁྱོངས་ཀྱིས། ཡུར་ལམ་གསར་བཟོའི་དོ་དམ་སྲུང་སྐྱོབ་ལ་ཤུགས་སྣོན་གྱིས་རི་ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། བདེ་འཇགས་འགལ་རྐྱེན་ལ་ཟུང་འབྲེལ་གྱིས་གཙང་སེལ་བཅོས་སྐྱོང་ཐད་ཀྱི་ཆེད་དོན་བྱ་འགུལ་སྤེལ་བ་དང་། ཞིང་སྡེའི་ཁྲིམས་འགལ་སྒྲིག་འགལ་གྱི་ཚོང་གཉེར་བྱ་བའི་ཐེར་འདོན་ལ་ཤུགས་སྣོན་གྱིས་ ལྗང་མདོག་སྐྱེ་ཁམས་ཀྱི་བར་སྟོང་རྒྱ་སྐྱེད་ཚད་གཞི་ཆེས་ཆེར་བཏང་ཞིང་། མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་སྔར་ལས་མཛེས་སྡུག་ཅན་དང་མང་ཚོགས་ཀྱི་འཚོ་བའི་བྱེད་ཐབས་སྔར་ལས་བདེ་ཐང་ངང་ཡར་རྒྱས་སུ་བཏང་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། 2017ལོར་ཙོང་ཁ་རྫོང་གིས་ཤང་དང་གྲོང་བརྡལ64ལ་སྲིད་འཛིན་སྡེ་བ་ལག་བསྟར་བྱས་ཤིང་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་གྲོང་འཛུགས་བསྐྲུན་བྱ་བ་ལེགས་པོ་སྤེལ་ནས། གཅིག་བསྡུས་སྒོས་ཞིང་གྲོང་རྨང་གཞིའི་སྒྲིག་ཆས་འཛུགས་བསྐྲུན་ལག་བསྟར་བྱེད་པ་དང་སྡེ་བའི་རྣམ་པ་བཅོས་སྐྱོང་བྱེད་པ། སྤྱི་གཞུང་སྒྲིག་ཆས་ཆ་ཚང་དང་དེའི་རྗེས་ཀྱི་ཐོན་ལས་འཕེལ་རྒྱས་སོགས་རྣམ་གྲངས་ཆེན་པོ30ཡི་རིགས693ལག་བསྟར་བྱས་ཤིང་། ཞིང་བ་དུད་ཁྱིམ་ཁྲི3ལྷག་གི་མི་གྲངས་ཁྲི8.4ལ་ཕན་ཁེ་བསྐྲུན་པ་རེད། དེ་དང་ཆབས་ཅིག་མཁར་གྲོང་གི་དོ་དམ་ཆུ་ཚད་མཐོར་འདེགས་སུ་བཏང་ཤིང་སྐྱེ་ཁམས་ཁོར་ཡུག་ལ་བཅོས་སྐྱོང་གིས་བདེ་ཐང་འཐུས་ཚང་ཅན་གྱི་སྒྲིག་གཞི་དེ་དམིགས་འབེན་གཙོ་བོར་བཟུང་ནས་གཙོ་གནད་འབུར་ཐོན་དང་འགན་འཁྲི་ལག་བསྟར་གྱིས་ཤུགས་གང་ཡོད་སྒོས་ལྗང་མདོག་མཛེས་སྡུག་ལ་སྐུལ་འདེད་བཏང་ཞིང་གྲོང་ཁྱེར་སྲིད་གཞུང་གི་སྒྲིག་ཆས་བཅོས་སྐྱོང་སོགས་ཀྱི་ཆེད་དོན་ལས་གཞི་མི་འདྲ་བ11སྤེལ་ནས་ནུས་ཤུགས་གང་ཡོད་སྒོས“ཟི་ལིང་གི་དྭངས་གཙང་དང་མཛེས་སྡུག་གི་ཙོང་ཁ”ཡི་ཚོང་རྟགས་གྲགས་ཅན་འཛུགས་བསྐྲུན་བྱེད་པའི་བྱ་འགུལ་ལ་ཕན་འབྲས་ངེས་ཅན་ཞིག་ལེན་རྒྱུར་དོན་དངོས་ཐད་འགན་བཅོས་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།