དྲྭ་ཐོག་དགའ་རོགས་མའི་སྒོར2600འཕྲོག་བཅོམ་བྱས་པའི་གསར་བུ་ཞིག་འཛིན་བཟུང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། དུས་ཆད་ལྟར་དྲྭ་ཐོག་དགའ་རོགས་མར་འཕྲད་རྗེས། སྐྱེས་པ་དེས་གྲི་ཐོགས་ནས་ཁོ་མོའི་ལག་སྒོར2600འཕྲོག་བཅོམ་བྱས་པ་རེད། ཉེ་བའི་ཆར། དེ་འདྲའི་དོགས་གཞི་ཆེ་བའི་སྐྱེས་པ་ཞིག་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་བྱང་ཡན་ལག་ཁང་གིས་འཛིན་བཟུང་བྱས་པ་རེད།  

ཟླ4པའི་ཟླ་དཀྱིལ་དུ་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་བྱང་ཡན་ལག་ཁང་གི110བཀོད་འདོམས་པུའུ་རུ་གྱོད་དོན་སྙན་སེང་ཁ་པར་ཞིག་འབྱོར་ནས་མི་ཞིག་མགྲོན་ཁང་དུ་སྡོད་སྐབས་འཕྲོག་བཅོམ་བྱས་སོང་ཟེར། ཉེན་བརྡ་འབྱོར་རྗེས། མཁར་བྱང་སྤྱི་བདེ་ཡན་ལག་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་དེ་མ་ཐག་དོན་རྐྱེན་བྱུང་སའི་མགྲོན་ཁང་དུ་སོང་ནས་བརྟག་དཔྱད་བྱས།

གནོད་འཚེ་ཕོག་པའི་བུད་མེད་ཀྱིས་ཞིབ་བརྗོད་བྱས་པར་གཞིགས་ན། མོ་དང་དྲྭ་གྲོགས་དགའ་རོགས་གཉིས་མགྲོན་ཁང་དུ་ངོ་ཐུག་རྗེས། སྐྱེས་པ་དགའ་རོགས་ཀྱིས་གློ་བུར་དུ་གྲི་ཞིག་བླངས་ཐོན་ནས་ཁ་མོར་བཙུགས་ཏེ་ལག་གི་རྒྱུ་ནོར་ཚང་མ་བླངས་འདུག  

སྐབས་དེར། ཁོ་མོས་སྐད་འཕྲིན་སྒང་ནས་སྒོར་སྟོང2000དེ་བརྒྱུད་བསྐུར་དང་། སྒོར་ཁུག་ནང་གི་ལག་སྒོར600ཕ་རོལ་པོར་སྤྲད།

གྱོད་དོན་སྙན་སེང་འབྱོར་རྗེས།   མཁར་བྱང་སྤྱི་བདེ་ཡན་ལག་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་བརྟག་དཔྱད་བྱས་རྗེས། དོགས་ཡོད་ཉེས་ཅན་ལིག་ག་གེ་མོ་མཁར་ནུབ་ཁུལ་ཧྲི་ཐུ་ལེ་སྡེ་བའི་ཉེ་འགྲམ་དུ་འཛིན་བཟུང་བྱས། དོགས་ཡོད་ཉེས་ཅན་ལིག་ག་གེ་མོ་ཡིས་རྩིས་སྤྲོད་བྱས་པ་ལྟར་ན། གྱོད་དོན་མ་བྱུང་བའི་སྔོན་དུ་ཁོས་གྲི་བཟུང་ནས་གཞན་ལ་འཛིང་རེས་བྱས་པ་ཡིན། འོན་ཀྱང་ལག་ན་དངུལ་མེད་པས་དགོང་མོ་དེར་དྲ་གྲོགས་དགའ་རོགས་དང་མགྲོན་ཁང་ནས་ཐུག་རྗེས། སྐབས་ཐོག་དེར་མོའི་དངུལ་སྒོར་འཕྲོག་རྒྱུ་སེམས་ལ་དྲན། དེ་བས། ཁོས་གྲི་བཙུགས་ནས་དྲ་གྲོགས་དགའ་རོགས་མའི་དངུལ་བླངས་པ་ཡིན་ཟེར། དེའི་འཕྲོག་བཅོམ་བྱས་པའི་དངུལ་དེ་དག་ཡོངས་སུ་བརླགས་པ་རེད།

ལོ་ཙཱ་བ། རྟ་འགྲིན་དཔལ།