དམེ་ཤུལ་ནགས་ར་ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་ནགས་ར་བཅུའི”གཟེངས་རྟགས་ཐོབ་པ་མ་ཟད། མཚོ་སྔོན་གྱི་འབྲས་སྨུག་གསོན་སྡོང་འདེབས་འཛུགས་གསོ་སྤེལ་གྱི་རྟེན་གཞི་རུ་གྱུར་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གསར་འགོད་པས་རང་ཞིང་གི་ནགས་ལས་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམེ་ཤུལ་ནགས་ར། རྒྱལ་གཉེར་ནགས་ར་ཆེན་པོ28གྱི་ཁྲོད་དུ་བདམས་ཐོན་བྱུང་བ་མ་ཟད། རྒྱལ་ཁབ་ནགས་ལས་ཅུའུ་ཡིས་གནང་བའི2017ལོའི“རྒྱལ་ཡོངས་ཀྱི་ཕུལ་བྱུང་ནགས་ར་བཅུའི”གཟེངས་རྟགས་ཐོབ། འདི་ནི་རང་ཞིང་ལ་དམིགས་གསལ་གྱིས་ཐོབ་པའི་རྒྱལ་གཉེར་ནགས་རའི་གཟེངས་རྟགས་ཐོག་མ་དེ་ཡང་རེད།

དམེ་ཤུལ་ནགས་ར་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་མཚམས་ཀྱི་རྩེ་ཁོག་རྫོང་གི་མངའ་ཁོངས་སུ་ཡོད་ལ། ཞིང་ཆེན་གྱི་སྲིད་འཛིན་ལྟེ་བ་ཟི་ལིང་གྲོང་ཁྱེར་ནས་སྤྱི་ལེ200ཡི་མཚམས་སུ་ཡོད། 1998ལོར་ཐེན་པའོ་བཟོ་སྐྲུན་ལག་བསྟར་ཁྲོད་བཞག་སྟེ་ཀླུང་རྒྱུ་བསྡམས་ནས་ཤིང་ནགས་གཅོད་གཏུབས་བཀག། 2005ལོའི་ཟླ12པའི་ནང་རྒྱལ་ཁབ་ནགས་ལས་ཅུའུ་ཡི་ཆོག་མཆན་བརྒྱུད་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་ཁྲོད་བཞག ནགས་ར་དེ་མཚོ་ངོས་ལས་རྨིད4428གྱི་མཚམས་སུ་ཡོད་པ་དང་ནགས་རའི་སྤྱིའི་རྒྱ་ཁྱོན་ལ་མུའུ་ཁྲི100ཡོད།(སྟོང་རྨིད་གྲུ་བཞི་མ666.66ཡོད། ) དེ་ཡང་དམེ་ཤུལ་དང་ཀོའུ་སྡེ་ཀ་རོང་ནགས་རའི་ལས་གཉེར་ས་ཁུལ་གཉིས་བཙུགས་ཡོད་ལ། རྨ་ཆུའི་ཆུ་ལག་གཙོ་བོ་རོང་བོ་ཆུའི་སྟོད་རྒྱུད་ཀྱི་བརླན་གྱིས་གསོས་པའི་ནགས་ར་ཡིན། ནགས་ཚལ་གྱི་ཁེབས་རྒྱ51.36%ཏུ་སླེབས་ཡོད།

དེ་ཡང་གླེང་རིན་ཡོད་པ་ཞིག་ལ། དམེ་ཤུལ་ནགས་ར་ནི་ཅུང་འཁྱག་སའི་ས་བབ་མཐོ་སར་ཡོད་པས། གནས་དེར་འདེབས་འཛུགས་བྱས་པའི་གསོམ་སྡོང་དག་གནས་དེར་སྐྱེ་བར་འཕྲོད་པ་མ་ཟད། གཉོམ་ལག་རྒྱས་ཚད་མཐོ་བའི་ཁྱད་ཆོས་ཀྱང་ལྡན་པས་ཞིང་ཆེན་ཕྱི་ནང་དུ་ཕྱིར་འཚོང་བྱེད་བཞིན་ཡོད་པས། མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་གསོམ་སྡོང་གི་མྱུ་གུ་གསོ་སྤེལ་བྱེད་པསའི་རྟེན་གཞི་ཐོག་མ་རུ་གྱུར་ཡོད། 1993ལོ་ནས་བཟུང་གསོམ་སྡོང་འདེབས་འཛུགས་བྱེད་འགོ་བརྩམས་ཤིང2012ལོར་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ཤིང་ནགས་ལེགས་པོ་གལ་ཆེན་གྱི་རྟེན་གཞི་རུ་གྱུར་ལ། སྤྱིའི་རྒྱ་ཁྱོན་ལ་སྟོང་རྨིད་གྲུ་བཞི་མ3ཡོད། ད་ལྟ་རྒྱ་ཁྱོན་སྟོང་རྨིད་གྲུ་བཞི་མ2ལ་ཤིང་སྡོང་ལེགས་པོའི་དམིགས་གསལ་ཁ་གསབ་ལོངས་སྤྱོད་བྱེད་བཞིན་ཡོད།

དམེ་ཤུལ་ནགས་ར་ལ2017ལོའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་ནགས་ར་བཅུའི་གཟེངས་རྟགས་ཐོབ་པ་ནི་ལྷན་སྐྱེས་ནས་ཉར་ཚགས་བྱས་པའིགདོད་མའི་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ལས་གཞན།  ་གཙང་གསུམ་འབྱུང་ཡུལ་གྱི་སྲུང་སྐྱོབ་ས་ཁུལ་ལས་གཞན་པའིཕུད་པའི་ས་ཁུལ་དུ་ཡང་ནགས་ར་འདིའི་རྣམ་བཞག་རང་བཞིན་གྱི་གསར་གཏོད་དོ་དམ་དང་སྲུང་སྐྱོབ་བྱས་ཡོད། མངའ་ཁོངས་ལ་དོ་དམ་གཏན་ཁེལ་དང་སྲུང་སྐྱོབ་མི་སྣ་དོ་དམ་གཏན་ཁེལ། འགན་འཁྲིའི་སྲུང་སྐྱོབ་ལ་དོ་དམ་གཏན་ཁེལ། ལས་ཕོགས་ཐད་ལ་དོ་དམ་བཅས་གཏན་ཁེལ་བཞི་དང་འགན་འཁྲིའི་དོ་དམ་སྲུང་སྐྱོབ་ས་ཁུལ་དུ་སྡོང་བོ་གཅོད་མཁན་མེད་པ་དང་མེ་འོད་མེད་པ། ས་བསློགས་མེད་པ། སྡོང་ཕྲུག་གསར་འཛུགས་ས་ཁུལ་དུ་ནོར་ལུག་མེད་པ་སོགས་མེད་པ་བཞི་ཡི་དོ་དམ་སྲུང་སྐྱོབ་འགན་འཁྲིའི་དོ་དམ་ལ་འབྲེལ་བ་ངེས་ཅན་ལྡན། ལོ་རེ་རེའི་མེ་འགོག་དུས་སྐབས་སུ་ནགས་རའི་ལས་བྱེད་མི་སྣ་དག་གིས་ཁྱིམ་ཚང་རེ་རེར་སོང་སྟེ་ནགས་ཁུལ་གྱི་མང་ཚོགས་དང་མེ་འགོག་སྤྱི་མཐུན་གན་རྒྱ་བཞག་སྟེ་ཤང་གིས་སྡེ་བར་འགན་སྲུང་ཐུབ་པ་དང་སྡེ་བས་སྡེ་མི་ལ་འགན་སྲུང་ཐུབ་པ། དགེ་རྒན་གྱིས་སློབ་མ་ལ་འགན་སྲུང་ཐུབ་པ། ཁྱིམ་བདག་གིས་བྱིས་པ་ལ་འགན་སྲུང་བྱེད་པ་བཅས་འགན་སྲུང་བཞི་ཡི་ལམ་ལུགས་ལག་བསྟར་བྱས་ཏེ། ཤང་དང་སྡེ་བ་རིམ་པའི་མེ་གསོད་རུ་ཁག་འཐུས་ཚང་དུ་བཏང་ནས་འགོག་སྲུང་གསུམ་གྱི་དོ་དམ་ཚོད་འཛིན་མ་ལག་གསར་འཛུགས་ཀྱིས་ནགས་ཚལ་གྱི་ཐོན་ཁུངས་བདེ་འཇགས་ཐད་འགེབས་སྲུང་བྱས་པ་རེད། བསྟུད་མར་ལོ་ངོ30ཡི་རིང་ལ་ནགས་ཚལ་མེད་པར་གཏོང་བ་དང་ནགས་ཚལ་ལ་མེ་སྐྱོན་ཆེན་པོ་བྱུང་བའི་དོན་དག་ཅི་ཡང་མ་བྱུང་།

རྒྱུས་ལོན་ལྟར་ན། དེ་ཡང2011ལོ་ནས་བཟུང་ཀྲུང་གོ་ནགས་རའི་མཐུན་ཚོགས་ཀྱིས“རྒྱལ་ཡོངས་ཀྱི་ཕུལ་བྱུང་ནགས་ར་བཅུའི”དཔྱད་འདེམས་རྩ་འཛུགས་བྱས་པ་ནས་ད་ལྟའི་བར་སྐབས8ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་ནགས་ར་བཅུའི”155བདམས་ཐོན་བྱུང་ཡོད། འདིའི་ཡར་སྔོན་དུ་རང་ཞིང་གི་མ་ཁུ་ཆུ་བོའི་ནགས་ར་དང་ཤར་འགག་ནགས་ར་སོགས་ལ་དམིགས་གསལ་བྱ་དགའ་ཐོབ་མྱོང་།

ལོ་ཙཱ་བ། ལྷ་དཔལ་སྐྱབས།