ཧོར་གྲོང་ཧོར་རིགས་ཀྱི་ཕ་ཡུལ་མཛེས་ལྗོངས་ལ་ཡང་བསྐྱར་དམིགས་གསལ་བྱ་དགའ་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་ཉིང་ཞ་ཧོར་རིགས་རང་སྐྱོང་ལྗོངས་སུ་དབྱིན་ཁྲོན་གྲོང་ཁྱེར་དུ་སྤེལ་བའི2018ལོའི་ནུབ་བྱང་ཡུལ་སྐོར་ཚོང་གཉེར་ཚོགས་འདུའི་སྟེང་ཧོར་གྲོང་ཧོར་རིགས་ཀྱི་ཕ་ཡུལ་མཛེས་ལྗོངས་ལ“ངོ་མཚར་ཆེ་བའི་ནུབ་བྱང་གི་མཛེས་ལྗོངས100”ཡི་གཟེངས་བསྟོད་མཚན་སྙན་གནང་བ་རེད།

རྒྱུས་ལོན་བྱུང་བ་་ལྟར་ན། ཐེངས་འདིའི་གྲོས་ཚོགས་ཀྱིས“ནུབ་བྱང་གིས་རྒྱལ་ཡོངས་དང་ལག་རྡང་སྦྲེལ་ནས་དར་གོས་ཚོང་ལམ་གྱིས་འཛམ་གླིང་ལ་ཟུང་འབྲེལ་བྱེད་པ”ཞེས་པ་བརྗོད་དོན་དུ་བཟུང་ཞིང་། གྲོས་ཚོགས་སྐབས་སུ་ནུབ་བྱང་ཡུལ་སྐོར་མཐུན་ཚོགས་ཀྱི་དྲུང་ཡིག་ཁྲུའུ་དང་ནུབ་བྱང་ཡུལ་སྐོར་རིག་གནས་ཞིབ་འཇུག་གླིང་གི་མཉམ་འབྲེལ་རྒྱུགས་གཞིའི་དྲ་བ། ནུབ་བྱང་ཡུལ་སྐོར་མཉམ་བསྲེས་སྨྱན་གཟུགས་བཅས་ལ་མཉམ་འབྲེལ་གྱིས“ངོ་མཚར་ཆེ་བའི་ནུབ་བྱང་གི་མཛེས་ལྗོངས100”ཡི་དྲ་ཐོག་དཔྱད་འདེམས་བྱ་འགུལ་ཆེན་མོ་སྤེལ་བ་བརྒྱུད་ཧོར་གྲོང་ཧོར་རིགས་ཀྱི་ཕ་ཡུལ་མཛེས་ལྗོངས་དེ་བདེ་བླག་ངང་དེའི་ཁྲོད་དུ་བདམས་ཐོན་བྱུང་ཞིང་། གྲོས་ཚོགས་སྟེང“ངོ་མཚར་ཆེ་བའི་ནུབ་བྱང་གི་མཛེས་ལྗོངས100”ཡི་གཟི་བརྗིད་མཚན་སྙན་གནང་ནས་ནུབ་བྱང་ས་ཁུལ་གྱི་འཐུས་ཚབ་རང་བཞིན་དུ་གྱུར་བ་མ་ཟད། ཡུལ་སྐོར་བ་དག་གིས་ཆེས་དགའ་བསུ་ཆེན་པོ་ཐོབ་པའི་མཛེས་ལྗོངས་སུ་གྱུར།

ལོ་འདི་དག་གི་རིང་ལ་ཧོར་གྲོང་རྫོང་གིས་ཧོར་གྲོང་ཧོར་རིགས་ཀྱི་ཕ་ཡུལ་དེ་རྒྱལ་ཁབ་རིམ་པའིA5ཡི་མཛེས་ལྗོངས་ཁྲོད་བདམས་པ་དང་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་ཞིང་ཞབས་ཞུའི་རྒྱུ་སྤུས་དང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་ཤིང་། དྲིལ་སྒྲོག་གི་འོས་སྦྱོར་ཚད་གཞི་ཆེས་ཆེར་བཏང་ནས་ཡུལ་སྐོར་ལས་རིགས་ཀྱི་དོ་དམ་ལ་ཤུགས་སྣོན་བྱས། རྫོང་ཡོངས་སུ་ཡུལ་སྐོར་ལས་རིགས་ཀྱི་མུར་འཕེལ་བདེ་ཐང་བརྟན་འཇགས་ངང་འཕེལ་རྒྱས་སུ་བཏང་བ་བརྒྱུད། ཆེས་ཐོག་མརལ“སྲོག་ཤིང་གཅིག་དང་སྐུད་ཐིག་གཅིག ཁྱམས་ར་གཅིག་དང་གཤོག་པ་གཉིས”ཀྱི་ཡུལ་སྐོར་འཕེལ་རྒྱས་སྒྲིག་གཞི་བཙུགས། 2018ལོའིལ“ལྔ་གཅིག་གུང་གསེང”གི་དུས་ཡུན་ཐུང་ངུའི་རིང་ལ་ཧོར་གྲོང་ཧོར་རིགས་ཕ་ཡུལ་གྱི་མཛེས་ལྗོངས་ལ་ཡུལ་སྐོར་དུ་ཡོང་བའི་འགྲུལ་བའི་ཚ་རླབས་ཆུང་ངུ་ཞིག་འཕྱུར་བ་དང་དུས་ཡུན་ཐུང་ངུ་འདིའི་རིང་ལ་འགྲུལ་བ་མི་ཁྲི4.8ལ་བུད་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི1463ལ་བུད་པ་མངོན་འགྱུར་བྱས། ད་ལོA5ཡི་རིམ་པས་མཛེས་ལྗོངས་ཁུལ་གྱི་གསར་གཏོད་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་ཧོར་གྲོང་ཧོར་རིགས་ཕ་ཡུལ་གྱིས་མུ་མཐུད་དུ་ཡུལ་སྐོར་ཞབས་ཞུའི་བྱེད་ནུས་འཐུས་ཚང་ཅན་དུ་བཏང་ཞིང་ཧོར་རིགས་རིག་གནས་འགྲེམས་སྟོན་དང་དམངས་སྲོལ་ཉམས་ལེན་བྱེད་པ། མཐོ་སྒང་ས་ཁུལ་དུ་ལུས་སྦྱོང་བྱེད་པ། ཁམས་གཡེང་སྤྲོ་གསེང་སོགས་ངོ་བོ་གཅིག་ཏུ་གྲུབ་པའི་སྣ་འཛོམས་རང་བཞིན་གྱི་མཛེས་ལྗོངས་ཁུལ་ཞིག་གྲུབ་པར་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།