ཀྲུང་གོའི་རང་བཟོས་ཚོང་རྟགས་གྲགས་ཅན་བཤམས་སྟོན་ཐོག་མའི་སྟེང་མཚོ་སྔོན་གྱིས་རང་བཟོས་ཚོང་རྟགས་ཀྱི་མཛེས་པ་ངོམ།

མཚོ་སྔོན་གསར་འགྱུར་དྲ་བས་ཟླ5པའི་ཚེས10ཉིན་གནས་ཚུལ་སྤེལ་དོན།  ཀྲུང་གོའི་རང་བཟོས་ཚོང་རྟགས་གྲགས་ཅན་བཤམས་སྟོན་ཚོགས་འདུ་ཐོག་མ་དེ་ཧྲང་ཧའེ་འགྲེམ་སྟོན་ལྟེ་གནས་སུ་འཚོགས་ཤིང་། གསར་འགོད་པ་བཤམས་སྟོན་དུ་ཕྱིན་པ་ན་བཤམས་སྟོན་དུ་ཡོད་པའི་མཚོ་སྔོན་འགྲེམ་སྟོན་ཁང་གི“གཙང་ཞིང་གསལ་བའི”མཚོ་སྔོན་གྱི་ཁྱད་ཆོས་དེས་མིག་དབང་འཕྲོག འགྲེམ་སྟོན་ཁང་དེའི་སྟེང་ཐོག་རབ་མཛེས་མཚོ་སྔོན་གྱི་སྔོ་བསངས་ནམ་མཁའ་མཚོན་པའི་ཁ་དོག་སྔོན་པོ་གཙོ་བྱས་ཡོད་པ་དང་། ནང་རོལ་མཚོ་སྔོན་མཐོ་སྒང་གི་དྭངས་གཙང་ལྷད་མེད་ཀྱི་ཐོན་རྫས་མཚོན་པའི་ཁ་དོག་ལྗང་ཁུ་གཙོ་བྱས་ཡོད་པ་རེད།

འགྲེམ་སྟོན་ཁང་དུ་ཚགས་ཤ་དང་། ལུག་ཤ   ནས་ཆང། འཕང་འབྲས་སོགས་སྐྱེས་ལྡན་ཐོན་རྫས་དང་ལྷད་མེད་ཐོན་རྫས་སོགས་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་དང་། ཐང་ག་དང་བོད་ཀྱི་ལག་ཤེས་ས་གདན་སོགས་ཡུལ་བབ་ཀྱི་ཁྱད་ཆོས་ཁྱད་དུ་ཕགས་པའི་ཐོན་རྫས་དཀོན་པོ་ཡོད་རཔ་ཀུན་གྱི་དགའ་བསུ་ཡི་རང་ཐོབ།  

ཡུལ་སྐོར་བས་མཚོ་སྔོན་གྱི་འཕང་འབྲས་ཐོན་རྫས་ལ་ལྟ་བ།

འགྲེམ་སྟོན་གྱི་ཁྲོད་དུ་མཚོ་སྔོན་གྱི་ཐང་ག་འབྲི་བཞེངས་བྱེད་སར་མང་ཚོགས་མང་པོའི་མིག་དབང་འཕྲོག 

ཡུལ་དངོས་སུ་ཐང་ག་འབྲི་བཞེངས་བྱེད་མཁན་ལྷ་རིས་པ་ནི་རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་གྱི་ལྷ་རིས་པ་གཉིས་ཡིན། ཁོང་ཚོས་ཐོག་མར་སྐྱ་བྲིས་དང་ཚོན་བྱུག་སྟངས་ཀྱི་ཆ་དེ་ནས་གཟིགས་མོ་པ་རྣམས་ལ་ཟུར་མི་འདྲ་བ་ནས་ཐང་ག་འབྲི་བཞེངས་ཀྱི་བརྒྱུད་རིམ་ངོམ་སོ་བྱས་ལ། ལྷ་རིས་པ་བཀྲ་ཤིས་ཟླ་བས་འགྲེལ་བཤད་ཀྱི་ཚུལ་དུ་དེར་འཛོམས་ཀྱི་གཟིགས་མོ་བ་རྣམས་ལ། ཐང་ག་འབྲི་བར་ལྷ་རིས་པ་རང་ངོས་ལ་རེ་བ་ནན་མོ་འཛིན་དགོས་པའི་ཐོག   གོ་རིམ་རྙོག་འཛིང་ལྡན་ལ།  ཚོན་མདོག་གི་སྡེབ་སྟངས་དང་ཚོན་བྱུག་གི་བརྒྱུད་རིམ་ལ་སོགས་པའི་ཤེས་བྱ་མང་པོ་ལོ་མང་གི་ཉམས་མྱོང་དང་རང་གི་བྱང་ཚད་ལ་བརྟེན་དགོས་ཚུལ་སོགས་བརྗོད།

ཐང་ག་རེ་རེ་ལ་སོ་སོའི་ལོ་རྒྱུས་ཀྱི་བྱུང་འཕེལ་རེ་དང་མི་རིགས་ཀྱི་རིག་གནས་ཉར་ཡོད་པས། ལྷ་རིས་པས་བློ་རྩེ་གཅིག་ཏུ་སྒྲིམ་ནས་ཤིན་ཏུ་ཞིབ་ཚགས་ཀྱི་སྒོ་ནས་འབྲི་བཞེངས་བྱེད་པ་ལ་གཟིགས་མོ་བ་རྣམས་ངོ་མཚར་དུ་བཅུག་སོང་ལ།  གཟིགས་མོ་བ་མི་ཉུང་བ་ཞིག་གིས་ཁ་པར་གྱི་བརྙན་མིག་ཇེ་ཆེར་བཏང་ནས་ཐང་ག་འབྲི་བཞེངས་ཀྱི་ཞིབ་ཆ་བཤུ་བཞིན་འདུག  

ཐིན་ཡོའུ་ཏེ་ནས་ཆང་བཤམས་སྟེགས་སུ།  ཆང་དྲི་ཞིམ་པོའི་དྲི་མ་འཐུལ་འོང་། དེར་ཡོང་གི་མང་ཚོགས་ཀྱིས་ནས་ཆང་གི་ཕྱིའི་ཆ་བྱད་མཐོང་ཐུབ་པའི་མི་ཚད་ནང་གི་རོ་བཅུད་ལ་ཡང་དངོས་སུ་མྱོང་ཐུབ་ཡོད།

གྲོང་མིས་འབྲུ་རིགས་སྣ་ལྔས་བཟོས་པའི་ཀ་ར་ཀོ་རེ་ཡི་དྲོ་བ་མྱོང་བཞིན་པ།

ཧྲང་ཧའེ་གྲོང་མི་སྐུ་ཞབས་ཀྲང་གིས།  དེ་སྔོན་ང་རང་མཚོ་སྔོན་ལ་ཡུལ་སྐོར་དུ་སོང་མྱོང་ཡོད། སྐབས་དེར་ནས་ཆང་འདི་འཐུང་མྱོང་ཡོད།  ཁ་ལ་ཞིམ་ཞིང་རོ་བཅུད་མངའ་བས་ཧ་ཅང་གི་དགའ་བོ་ཡོད། ལྷག་པར་ཆང་གི་ཕྱི་ཐུམ་ཧ་ཅང་མཛེས་པས་གྲོགས་དང་གཉེན་ཉེ་ལ་སྐྱེས་སུ་འཁྱེར་ན་ཧ་ཅང་འཚམ་པོ་རེད་ཟེར།

ཀྲུང་གོའི་ཅཱ་ལུད་ཆེན་པོ་བཟོ་ལས་རྟེན་གཞིའི་མཚོ་སྔོན་ཚྭ་མཚེའུ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིས་མེ་དང་། ཅཱ།  ལི་སོགས་ཐོན་རྫས་གསར་པ་ལས་སྲོལ་རྒྱུན་གྱི་ཟངས་དང་ཞ། ཁར་པ་སོགས་ཐོན་རྫས་བཤམས་མི་འདུག་ཀྱང་དེ་ལ་ཤེས་རྟོགས་བྱེད་མཁན་ཀྱི་ཚོང་མགྲོན་མང་པོ་བྱུང་།

ཚགས་ཤ་སྐམ་པོ་གཙོ་བྱས་པའི་ཐོན་རྫས་ལ་བརྟེན་ནས་ཇེ་རྒྱས་ཇེ་ཆེར་སོང་བའི་མཚོ་སྔོན་ཨ་ཆེན་གངས་རྒྱབ་བཟའ་ཆས་ཚད་ཡོད་ཀུང་སིས་ཐེངས་འདིའི་བཤམས་སྟོན་ཐོག་ཐོན་རྫས་གསར་པ་ཨ་ཆེན་གངས་རྒྱབ་ཀྱི་སྐྱེས་ལྡན་ཚགས་ཤ་སྐམ་པོ་བཤམས་ཡོད་པར་ཁྲོམ་རའི་སྐུ་མགྲོན་མང་པོ་ཕྱོགས་དེར་བཀུགས་ནས་དྲོ་བ་མྱངས།


ཡུལ་སྐོར་བས་རྩ་གཉིས་ཨང་རྟགས་བཤེར་ནས་མཚོ་སྔོན་ཨ་ཆེན་གངས་རྒྱབ་བཟའ་ཆས་ཚད་ཡོད་ཀུང་སིར་དོ་སྣང་བྱེད་པ།

ལོ་ཙཱ་བ། ཁོན་ཐར་འཚོ།