ཡུལ་སྐོར་ཆེན་པོ་ལ་འཆར་འགོད་ཆེན་མོ་ཡོད་པའི་རྨ་ལྷོའི་ཡུལ་སྐོར་གྱི་ལམ་རྒྱུད།

 

རྩེ་ཁོག་ཧོར་གྱི་མ་ཎི་རྡོ་འབུམ།

རེབ་གོང་གི་དྲུག་པའི་ལྷ་རྩེད།

རྨ་ཆུ་སྔོན་མོའི་འགྲམ་དུ་ཆགས་པའི་གཅན་ཚའི་ཡུལ་གྱི་མཛེས་ལྗོངས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ”གཏོང་བའི་བསམ་ཕྱོགས་ལྟར་དུ།   “ཡུལ་སྐོར་ལས་རིགས་དེ་ཉིད་སྟོབས་འབྱོར་གྱིས་ཕྱུག་པའི་རྨ་ལྷོ་ཁུལ་གྱི་ཐོན་ལས་གཙོ་བོ”དང་། “རྒྱལ་ཡོངས་སུ་བོད་ཀྱི་རིག་གནས་རྩེ་གྲའི་རྟེན་གཞི་བཏོད་པའི”དམིགས་འབེན་དཀྱིལ་སྙིང་དུ་བཟུང་བས། ཡུལ་སྐོར་ལས་རིགས་ལ་རྒྱུན་མ་ལྷོད་ཅིང་མྱུར་ལ་སྐྱོན་དང་བྲལ་བའི་འཕེལ་སྟངས་ཤིག་མངོན་ཡོད་པ་རེད།

 ཉེ་བའི་ལོ་ལྔའི་ཚུན་དུ།  ཁུལ་དེས་ཡུལ་སྐོར་ལས་རིགས་མགྱོགས་པོར་གོང་དུ་སྤེལ་ཏེ། ཡུལ་སྐོར་བའི་མི་གྲངས་དང་ཡུལ་སྐོར་ཡོང་འབབ་ཀྱི་དམིགས་ཚད་དེ་གྲངས་གནས་གཉིས་ཀྱིས་འཕར་བ་རྒྱུན་འཁྱོངས་བྱས་ཡོད་ཅིང་། འཕར་ཚད་ཆེས་མཐོ་བ་དེ29.6%、42.9% ཟིན། དེའི་ནང་ཡུལ་སྐོར་ཡོང་འབབ་ཀྱི་འཕར་ཚད་དེ་ལོའི་ཆ་སྙོམས་ཀྱི20%ཡན་རྒྱུན་འཁྱོངས་བྱས།

རྨ་ལྷོ་ཁུལ་གྱིས་ལོ་དུ་མར་འཚོལ་ཞིབ་བརྒྱུད།  “རྒྱལ་ཡོངས་ཀྱི་མཚན་སྙན་ཤིན་ཏུ་ཆེ་བའི་བོད་མི་རིགས་ཀྱི་རིག་གནས་རྟེན་གཞི་བཏོད་པའི”འཕེལ་ཕྱོགས་གསལ་འབེབས་བྱས་ཏེ། “བྱང་ཟི་ལིང་དུ་བརྟེན་ཞིང་། ལྷོ་གཟི་ཚ་སྡེ་དགུ་ལ་གཏད”པའི་འཐབ་ཇུས་ཆེན་པོ་དང་། “རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ”གཏོང་བའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་འཁེལ་བྱས་པ་དང་།“ ཏང་ཨུའི་སྲིད་གཞུང་གི་མཐོང་ཆེན་ནི་གཞི་རྩ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་ནི་མདུན་ལམ། ཚོང་རྟགས་གྲགས་ཅན་འཛུགས་སྐྲུན་ནི་འདེགས་སྐྱོར།  ལས་གཞི་དོན་འཁྱོལ་བྱེད་པ་ནི་གནད་འགག   ལས་དངོས་དམ་འཛིན་ནི་ཁག་ཐེག་ཡིན་པའི” འཕེལ་རྒྱས་ཀྱི་ལམ་ཁ་རྙེད་དེ།  “རབ་མཛེས་མཚོ་སྔོན། ངོ་མཚར་བའི་རྨ་ལྷོ་”ལ་སོགས་པའི་གཟུགས་བརྙན་བཏོད་རྒྱུའི་འབོད་ཚིག་བཏོན་པ་མ་ཟད། “རེབ་གོང་རིག་གནས”དང“ ཁམས་ར”“མཚོ་སྔོན་གྱི་ཆེས་མཛེས་པའི་རྩྭ་ཐང”བཅས་ཚོང་རྟགས་གྲགས་ཅན་གསུམ་བཏོད་པས། ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ཀྱི་མ་འོངས་ལམ་ག་སྔར་བས་ཡངས་སུ་ཕྱིན།

ལོ་ཙཱ་བ། ཁོན་ཐར་འཚོ།