ལིས་ཁི་ཆང་ཀྲུང་གོ་དང་འཇར་པན་གྱིས་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་འཁོར་བཞི་བཅུ་ལོན་པའི་དྲན་གསོའི་བྱ་འགུལ་དང་འཇར་པན་ལ་འཚམས་འདྲི་མཛད་པའི་སྣེ་ལེན་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་།

ས་དེའི་ཚེས་བཅུ་ཉིན་གྱི་ཉིན་གུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཏུང་ཅིན་ནས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཉམ་དུ་ཀྲུང་གོ་དང་འཇར་པན་གྱིས་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་འཁོར་བཞི་བཅུ་ལོན་པའི་དྲན་གསོའི་བྱ་འགུལ་དང་ཙུང་ལི་ལིས་ཁི་ཆང་འཇར་པན་ལ་འཚམས་འདྲིར་སོང་བར་དགའ་བསུ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས་པ་མ་ཟད་གསུངས་བཤད་གནང་།

ས་དེའི་ཚེས་བཅུ་ཉིན་གྱི་ཉིན་གུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཏུང་ཅིན་ནས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཉམ་དུ་ཀྲུང་གོ་དང་འཇར་པན་གྱིས་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་འཁོར་བཞི་བཅུ་ལོན་པའི་དྲན་གསོའི་བྱ་འགུལ་དང་ཙུང་ལི་ལིས་ཁི་ཆང་འཇར་པན་ལ་འཚམས་འདྲིར་སོང་བར་དགའ་བསུ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས་པ་མ་ཟད་གསུངས་བཤད་གནང་།

ལིས་ཁི་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་འཇར་པན་གཉིས་ཀྱིས་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་རེད། ལོ་བཞི་བཅུའི་རིང་ལ་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་སྤྱིར་བཏང་མིན་པའི་བརྒྱུད་རིམ་ཞིག་བརྒྱུད་དེ། གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་པར་མ་ཟད་ཀྱག་ཀྱག་གི་བགྲོད་ལམ་ཡང་བརྒྱུད་མྱོང་། ཆིངས་ཡིག་གིས་བཅའ་ཁྲིམས་ཀྱི་རྣམ་པས་ཀྲུང་གོ་དང་འཇར་པན་གྱི་མཉམ་འབྲེལ་གསལ་བསྒྲགས་གི་རྩ་དོན་རེ་རེ་གཏན་ཁེལ་བྱས་ལ། དེའི་ནང་དུ་འཇར་པན་ཕྱོགས་ཀྱིས་དམག་འཁྲུག་གི་འགན་ཁུར་ལ་ཕྱིར་འདང་རྒྱག་པ་དང་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པའི་རྣམ་འགྱུར་གལ་ཆེན་ཡང་འདུ་ཞིང་། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཡུན་རིང་པོར་མཛའ་མཐུན་ཡོང་རྒྱུ་གསལ་བསྒྲགས་བྱས་ཏེ། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བར་ཆབ་སྲིད་ཀྱི་རྨང་གཞི་དང་བཅའ་ཁྲིམས་ཀྱི་ཚད་གཞི་གཏན་འབེབས་བྱས་པ་དང་། ཁ་ཕྱོགས་གསལ་པོར་བསྟན་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞི་ནི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་བདེ་ཐང་ངང་གོང་འཕེལ་དུ་གཏོང་བར་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པའི་ཁ་ཕྱོགས་དང་བསྲུང་བྱ་ཡིན། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཡིག་ཆ་བཞི་བརྩི་སྲུང་བྱས་ཏེ་སེམས་ཤུགས་གཅིག་ཏུ་ཕྱོགས་ན། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་བརྟན་བརླིང་ངང་གོང་དུ་འཕེལ་ཐུབ་ཟེར།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཐེངས་འདིར་འཇར་པན་ལ་འཚམས་འདྲི་བྱེད་སྐབས། ང་དང་འཇར་པན་གྱི་འགོ་ཁྲིད་པས་འདས་པའི་ཉམས་མྱོང་དང་བསླབ་བྱ་སྤྱི་སྡོམ་བྱས་པའི་རྨང་གཞིའི་སྟེང་། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་ཡང་བསྐྱར་རྒྱུན་ལྡན་གྱི་ལམ་དུ་སྐྱོད་པ་དང་། ཡུན་རིང་བདེ་ཐང་གཏན་འཇགས་སྒོས་གོང་འཕེལ་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པའི་ལྟ་བ་གལ་ཆེན་རབ་དང་རིམ་པ་བྱུང་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་ལེགས་བཅོས་བྱེད་པ་དང་གོང་འཕེལ་དུ་གཏོང་བར་གོ་སྐབས་གསར་པ་བྱུང་ཡོད་པས། ཕྱོགས་གཉིས་ཀྱིས་འབད་བརྩོན་ཆེན་པོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པའི་བྱེད་ཐབས་གསར་པ་སྤྱད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བར་བཅངས་པའི་ཡིད་ཆེས་ཇེ་དྲག་ཏུ་གཏོང་དགོས། ལོ་རྒྱུས་ཡིད་ལ་དམ་པོར་བཅངས་ཏེ་བསླབ་བྱ་སྤྱི་སྡོམ་ནན་མོ་བྱེད་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱས་ཏེ་དངོས་གཉེར་མཉམ་ལས་ཟབ་སྤེལ་བྱེད་དགོས། དམངས་ཁྲོད་འགྲོ་འོང་ལ་ཤུགས་བསྣན་ཏེ་མི་རབས་ནས་མི་རབས་ཀྱི་མཛའ་མཐུན་ལ་ཡར་སྐུལ་བྱེད་དགོས། འགན་ཁུར་ལག་བསྟར་བྱས་ཏེ་དུས་རབས་ཀྱི་འགན་འཁྲི་མཉམ་དུ་འཁུར་དགོས་ཟེར།

ཨན་པེ་ཅིན་སན་གྱིས་ཤིས་ཚིག་འབུལ་སྐབས་འཇར་པན་དང་ཀྲུང་གོས་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་འཁོར་བཞི་བཅུ་ལོན་པར་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས། ཁོས་འཇར་པན་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་དུ་འགྲོ་བའི་སྐབས་འདིར་ཕྱོགས་གཉི་གར་འགྲན་རྩོད་མཐུན་སྦྱོར་རུ་སྒྱུར་ཏེ། དེ་རིང་ནས་བཟུང་མཐུན་སྦྱོར་གྱི་དུས་རབས་སུ་སྐྱོད་པའི་འགན་འཁྲི་ཡོད། ཕྱོགས་གཉིས་ཀྱིས་ལག་རྡང་མཉམ་སྦྲེལ་གྱིས་མདུན་སྐྱོད་བྱས་ཚེ་སེལ་མི་ཐུབ་པའི་དཀའ་ངལ་གཏན་ནས་མེད་ཅེས་བཤད།

ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ལས་རིགས་དང་དཔལ་འབྱོར་ལས་རིགས། དམངས་ཁྲོད་མཛའ་མཐུན་མི་སྣ་བཅས་མི་སྟོང་གཉིས་ཙམ་བྱ་འགུལ་ལ་ཞུགས།