“ཡུལ་ཤུལ་ལྗང་སྒྱུར”གྱི་ཕུགས་འདུན་གོམ་སྟབས་ནམ་ཡང་མཚམས་བཞག་མེད།

གནམ་སྔོན་པོ་དང་ས་ལྗང་ཁུ། ཆུ་དྭངས་མོ་བཅས་ནི་སྐྱེ་ཁམས་ཁོར་ཡུག་ལ་ཕན་ཞིང་དམངས་ཚིས་ཀྱི་བདེ་སྐྱིད་ཡང་ཡིན། ཡུལ་ཤུལ་དུ་རྩྭ་དང་རྩི་ཤིང་རྐང་རེ་རེ་ལ་ཡུལ་ཤུལ་མི་དམངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་འདུས་ཡོད་ལ། ཕྱིའི་རྣམ་པ་ནང་དུ་གྲུབ་ཞིང་བདེན་ལུགས་ལ་འབྲེལ་ཡོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་ཆས་ཀྱི་ཚོད་ལྟ་ཁུལ་དངོས་སུ་ལག་བསྟར་བྱས་པས། ཡུལ་ཤུལ་གསར་པ་དེ་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆེས་མཐོ་ས་རུ་བརྩིས་ཤིང་། ཡུལ་ཤུལ་གྱི་སྐྱེ་ཁམས་རིམ་སྤར་དང་གསོན་ཤུགས་དག་གིས“རི་མཐོ་ཆུ་དྭངས་ནི་གསེར་རི་དངུལ་རི”ཡིན་པའི་འདུ་ཤེས་ལ་ཁྱོན་ཡོངས་ནས་འགྲེལ་བཤད་བརྒྱབ་ཡོད།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དེ་གཙང་གསུམ་འབྱུང་ཡུལ་གྱི་སྲུང་སྐྱོབ་ས་ཁུལ་གྱི་སྲོག་ཤིང་ཡིན་པས། “རི་མཐོ་ཆུ་དྭངས་ནི་གསེར་རི་དངུལ་རི”ཡིན་པའི་འདུ་ཤེས་ཡིད་ལ་བརྟན་པོར་བཟུང་ནས་སྐྱེ་ཁམས་སྲུང་སྐྱོབ་དེ་ཡུལ་ཤུལ་གྱི་“གལ་ཆེ་བའི”བཟོ་སྐྲུན་དུ་བཟུང་ནས“ལྗང་མདོག་གི་ཡུལ་ཤུལ”གསར་སྐྲུན་བྱས་ཏེ་སྐྱེ་ཁམས་གཙང་སེལ་གང་ལེགས་ཀྱིས་གཙང་གསུམ་སྐྱེ་ཁམས་ཁོར་ཡུག་དེ་བསྐྱུར་མི་རུང་བའི་འོས་འགན་དང་འགན་འཁྲི་རུ་བཟུང་ཞིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་ས་ཁུལ་ཁྲོད་ཧུར་ཐག་སྒོས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་ནས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་ཁྲོད་སྔ་ན་མེད་པའི་དཔེར་མཚོན་ས་ཁུལ་དུ་གྱུར་བར་བརྩོན་ལེན་གྱིས“ཡུལ་ཤུལ་གྱི་ལྗང་སྒྱུར”ཕུགས་འདུན་གྱི་གོམ་སྟབས་དེ་དུས་ནམ་ཡང་མཚམས་མ་བཞག

དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ་བར་ལ་འགལ་ཟླ་མེད་པས། དེ་གཉིས་མངོན་འགྱུར་ཐད་རྒྱལ་ཁ་ལེན་ན་ངེས་པར་དུ“རི་མཐོ་ཆུ་དྭངས་ནི་གསེར་རི་དངུལ་རི”ཡིན་པའི་འདུ་ཤེས་བརྟན་པོ་ཡིད་ལ་བཅངས་ནས་དོན་དངོས་ལ་གཞོལ་དགོས། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་རྒྱལ་ཁབ་ཀྱི་སྲིད་ཇུས་གཉིས་རྒྱུན་འཁྱོངས་གང་ལེགས་ཀྱིས་རི་ཆུ་དང་ནགས་ཚལ། ས་ཞིང་། མཚེའུ། རྩྭ་ཐང་བཅས་ཀྱི་བཅོས་སྐྱོང་མ་ལག་སྒྲིག་འཛུགས་ཀྱིས་མི་དམངས་མང་ཚོགས་ཀྱིས་མཁའ་དབུགས་གསར་བ་དང་དྭངས་གསལ་ཆུ་བོ། གྲལ་དག་པའི་ཁོར་ཡུག་སོགས་སྐྱེ་ཁམས་ཐོན་ལས་ཀྱི་རེ་ལྟོས་དེ་མི་དམངས་མང་ཚོགས་ལ་བསྟུན་ཤེས་སྒོས་སྐྱེ་ཁམས་སྲུང་སྐྱོབ་ཕུལ་དུ་བྱུང་བའི་གཞི་རྩའི་ཚད་གཞི་རུ་རྒྱུན་འཁྱོངས་ཀྱིས་ལྗང་མདོག་གི་སྲིད་ཇུས་དགོངས་དོན་གསར་འཛུགས་བྱས་ཤིང་། ལྗང་མདོག་འཕེལ་རྒྱས་དེ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་བཅུག མུ་མཐུད་དུ་གསར་བཟོ་དང་གསོག་འཇོག་གིས་ལྗང་མདོག་གི་རྒྱུ་ནོར་འཕར་ཚད་རིན་ཐང་ཇེ་མང་དུ་བཏང་བ་རེད།

ལྗང་མདོག་འཕེལ་རྒྱས་ཀྱིས་གཙོ་བོ་དོན་དངོས་དམ་འཛིན་བྱས་ཏེ་ལག་ལེན་དོན་ལ་འཁེལ་བ། ད་རུང་ཤུགས་ཆེན་པོའི་སྒོ་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ཐོན་ལས་ལ་རྒྱབ་རྟེན་བཅོལ་བར་ཤུགས་བསྣན་ནས་ལྗང་མདོག་འཕེལ་རྒྱས་དམ་འཛིན་སྒོས་འགུལ་མེད་རྣམ་པས་སྲུང་སྐྱོབ་རིམ་འཕར་དེ་འགུལ་རྣམ་སྲུང་སྐྱོབ་ཀྱི་གནས་བབ་དུ་བཞག་ནས་དཔལ་འབྱོར་སྐྱེ་ཁམས་ཅན་དང་སྐྱེ་ཁམས་དཔལ་འབྱོར་ཅན་གྱི་ལམ་བུ་སྔོག་འདོན་གྱིས་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་ཆེས་ལེགས་པོའི་དཔལ་ཡོན་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་རྒྱུན་འཁྱོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་ཆེས་གཞི་རྩ་དང་ཆེས་ནུས་ཆོད། ཆེས་རྒྱུན་འཁྱོངས་ཀྱི་སྲུང་སྐྱོབ་མངོན་འགྱུར་བྱེད་དགོས། དེ་མིན་ཁོར་ཡུག་བརྡ་འཕྲིན་གྱི་སྤྱི་བསྒྲགས་ཚད་གཞི་ཆེས་ཆེར་བཏང་ཞིང་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་ཚད་གཞི་དང་ལྗང་མདོག་འཕེལ་རྒྱས་ཀྱི་བྱེད་ཐབས། འཚོ་བའི་བྱེད་ཐབས་སོགས་ལག་བསྟར་མངོན་འགྱུར་བྱས་པ་རེད།

དྭངས་གསལ་ཞིམ་མངར་གྱི་ཆུ་འགོ་དྭངས་ཤིང་དེས་ཧྭ་ཞ་ས་ཁུལ་གྱི་གང་སར་བཞུར། ཡུལ་ཤུལ་ནི་མཚོ་ངོས་ལས་མཐོ་ཞིང་ཆར་ཆུའི་འབབ་ཚད་ཉུང་བ། གནམ་གཤིས་ཀྱི་ཁོར་ཡུག་ཅུང་རྩུབ་མོད། འོན་ཀྱང“ཡུལ་ཤུལ་གྱི་ལྗང་སྒྱུར”ཕུགས་འདུན་ནམ་ཡང་མཚམས་བཞག་མ་མྱོང་ལ་ཡིད་ཆེས་བརྟན་པོ་དང་རྒྱང་རིང་བའི་མ་འོངས་པའི་ཆེད་དུ། ཡུལ་ཤུལ་གྱིས་མ་འོངས་པ་ན་མི་དང་རང་བྱུང་ཕན་ཚུན་ལ་རྒྱབ་རྟེན་བཅོལ་ནས་ཕན་ཚུན་ལ་སྐུལ་འདེད་ཀྱིས་ཐུན་མོང་མཉམ་གནས་ཀྱི་ལྗང་མདོག་ཡུལ་ཤུལ་གྱིས། གོམ་གང་མདུན་སྤོས་སྒོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་དམིགས་གསལ་གོ་གནས་དང་དམིགས་གསལ་བྱས་རྗེས་དེ་སྔར་ལས་ཕྱིར་མངོན་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།