2018ལོའི་ཀྲུང་གོ་ཧྲང་ཧའེ་རྒྱལ་སྤྱིའི་ཇ་རིགས་འགྲེམས་སྟོན་གྲོས་ཚོགས་སྟེང་པད་མ་རྫོང་གི“གངས་ལྗོངས་བོད་ཇ”ལ་གསེར་གྱི་རྟགས་མ་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ5པའི་ཚེས10ནས་ཚེས13བར་བསྡུས་པའི“ཇ་བཏུང་བ་དེས་འཚོ་བར་སྔར་ལས་བདེ་སྐྱིད་བསྐྲུན ”ཞེས་པ་བརྗོད་དོན་ཡིན་པའི2018ལོའི་ཧྲང་ཧའེ་རྒྱལ་སྤྱིའི་ཇ་རིགས་འགྲེམས་སྟོན་གྲོས་ཚོགས་དེ་ཧྲང་ཧའེ་ཕུའུ་ཏུང་འཛམ་གླིང་དངོས་མང་བཤམས་སྟོན་ཚོམས་ཆེན་དུ་གཟབ་རྒྱས་ངང་བསྡུས་པ་རེད། འགྲེམས་སྟོན་གྲོས་ཚོགས་སྐབས་རང་ཞིང་གི་པད་མ་རྫོང་གི“གངས་ལྗོངས་བོད་ཇ ”དེས་མཐོ་སྒང་གི་མཚོ་ངོས་ལས་མཐོ་བ་དང་རང་བྱུང་ལྷད་མེད། སྦགས་བཙོག་མེད་པ། ཟུར་སྣོན་གཞན་མེད་པ། སྐྱེ་ལྡན་ལྗང་མདོག་སོགས་ཀྱི་གནས་བབ་ལེགས་པོ་དེ་བེད་སྤྱད་ཡོད་པས། “2018ལོའི་ཀྲུང་གོཧྲང་ཧའེ་ཇ་རིགས་འགྲེམས་སྟོན་གྲོས་ཚོགས”སྟེང་བདེ་བླག་ངང་གསེར་གྱི་རྟགས་མ་བླངས།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲེམས་སྟོན་གྲོས་ཚོགས་ཀྱི་གཞི་ཁྱོན་ཆེ་ཞིང་འགྲེམས་སྟོན་གྲོས་ཚོགས་ཀྱི་རྒྱ་ཁྱོན་ཕལ་ཆེར་རྨིད་གྲུ་བཞི་མ་ཁྲི2ལྷག་ཡོད་ལ། བྱ་དངོས་འགྲེམས་སྟོན་བྱ་ཡུལ800གསར་འཛུགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་མི་འདྲ་བ600ལྷག་ཚུར་འགུག་བྱས་ཤིང་། མ་ལེ་ཞི་ཡ་དང་སི་ལེ་ལན་ཁ། ཁོ་རེ་ཡ། ཉི་ཧོང་།  པ་ཞི། ཀྲུང་གོའི་ཐེ་ཝན། ཤང་ཀང་སོགས་རྒྱལ་ཁབ་དང་ས་ཁུལ་དག་གི་གཟིགས་སྐོར་ཚོང་བ་དང་ཉོ་སྒྲུབ་ཚོང་བ་དག་ཟབ་ཞུགས་བྱས་ཡོད། རང་རྒྱལ་ནང་ལོགས་ཀྱི་ཇ་རིགས་ཐོན་ལས་ས་ཁུལ་གྱི་མི་སྣ་དག་ཀྱང་འགྲེམས་སྟོན་གྲོས་ཚོགས་དེར་ཟབ་ཞུགས་བྱས་ཡོད། དེས་མུ་མཐུད་དུ་ཇ་རིགས་ཐོན་ལས་ལ་གར་

སྟེགས་བསྐྲུན་པ་ལས་གཞན་ཐེངས་འདིའི་ཇ་རིགས་འགྲེམས་སྟོན་གྱིས་ད་རུང་ངོས་མང་པོ་ཞིག་ནས་མིང་དུ་གྲགས་པའི་ཇ་རིགས་འོས་སྦྱོར་དང་ཇ་ལོའི་སྒྱུ་རྩལ་ཐད་ཀྱི་འཁྲབ་སྟོན་ཡང་བྱས་ཡོད། དེ་དང་ཆབས་ཅིག2018ལོའི་དཔྱིད་ཚིགས་ཇ་ལོའི་གྲོས་ཚོགས་ཀྱིས། ཕུལ་དུ་བྱུང་བའི་ཇ་ལོ་ལ་གསལ་འབྱེད་ཞིབ་བསྡུར་སོགས་བྱས་ནས་ཇ་ལོ་མཐུན་ཚོགས་ཀྱི་ཇ་རིགས་ཚོང་བ་དང་གྲོང་ཁྱེར་མི་དམངས་ཀྱི་མིག་གི་དགའ་སྟོན་བསྩལ་ཞིང་། ཡུལ་དངོས་ནས་ཇ་ལོའི་བྲོ་བར་མྱངས་བས། མིག་གི་མཛེས་པ་དང་ལྕེ་ཡི་བྲོ་བ་གཉིས་ལ་ལོངས་སྤྱོད་ཡིད་ཚིམས་པ་ཞིག་བྱས། པད་མ་རྫོང་གངས་ལྗོངས་བོད་ཇའི་ཐོན་ལས་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་ཟི་ནི་མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་ཇ་རིགས་ཁེ་ལས་ཁོ་ན་ཡིན་པའི་ཆ་ནས་ཐེངས་འདིའི་འགྲེམས་སྟོན་ཐོག་གདན་འདྲེན་ཞུས་ཡོད་པས། པད་མ་རྫོང་གི“གངས་ལྗོངས་བོད་ཇ”དང“ལྕུམ་ཇ”“རི་སྐྱེས་ལུག་གྲོད་ཤ་མོ”སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་གང་མང་ཞིག་ཇ་ལོའི་འགྲེམས་སྟོན་གྲོས་ཚོགས་སྟེང་འགྲེམས་སྟོན་བྱས་ཡོད།

རྒྱུས་ལོན་ལྟར་ན། པད་མ་རྫོང་གངས་ལྗོངས་བོད་ཇའི་ཐོན་ལས་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་ཟིའི་འགན་ཁུར་མི་སྣས་ངོ་སྤྲོད་ལྟར་ན། པད་མ་རྫོང་གངས་ལྗོངས་བོད་ཇའི་ཐོན་ལས་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་ཟིས་ཐེངས་འདིའི་འགྲེམས་སྟོན་གྲོས་ཚོགས་སྟེང་ཐོབ་པའི་གསེར་གྱི་རྟགས་མའི་གཟི་བརྗིད་གཟེངས་རྟགས་དེ་སྒུལ་ཤུགས་སུ་བཟུང་ནས། རྗེས་ཕྱོགས་ནུས་ཤུགས་གང་ཡོད་སྒོས་ཇ་ལོའི་རྒྱུ་སྤུས་མཐོར་འདེགས་སུ་བཏང་བ་དང་ཞིབ་ཚགས་ཀྱི་བརྒྱུད་རིམ། ཐུམ་སྒྲིལ་ཇུས་འགོད། ཕྱིར་འཚོང་དྲིལ་སྒྲོག་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས་སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་དང་བསམ་གཞིག་རྒྱ་བསྐྱེད་པ། འདུ་ཤེས་གསར་རྩོམ་བཅས་བྱས་ཤིང་། སྐྱེ་ལྡན་ལ་ཟུང་འབྲེལ་གྱིས་མདོག་གསུམ་པད་མའི་ཐོན་ཁུངས་ལེགས་པོ་སྤྱད་དེ། པད་མ་རྫོང་གིས་གངས་ལྗོངས་བོད་ཇ་གཙོར་བཟུང་ནས་ཐོན་རྫས་དེ་མཐོ་སྒང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་བཅུག་ནས་ནང་ལོགས་ལ་དར་སྤེལ་གཏོང་བ། ནུས་ཤུགས་གང་ཡོད་སྒོས་ལྗང་མདོག་ཐོན་ལས་དབུལ་སྐྱོར་དང་ལྗང་མདོག་སྐྱེ་ཁམས་པད་མ་འཛུགས་བསྐྲུན་ཐད་བྱས་རྗེས་སྔར་ལས་ཆེ་བ་ཞིག་སྒྲུབ་རྒྱུ་ཡིན་ཟེར།

ལོ་ཙཱ་བ། ལྷ་དཔལ་སྐྱབས།