2018ལོའི“རྔ་མོང་དཀར་མོ”རྟགས་མའི་རྒྱལ་སྤྱིའི་སྐྱེས་པའི་གཟེབ་གྲུག་བཙན་བདག་འཕྲོག་རྩོད་འགྲན་བསྡུར་སྐབས་གཉིས་པ་དེ་ཡ་རྫི་རྫོང་ནས་རྒྱལ་ཁའི་ངང་མཇུག་བསྡུས་པ།

གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2018ལོའི་ཀྲུང་གོའི་མཚོ་སྔོན(ཡ་རྫི)“རྔ་མོང་དཀར་མོ”རྟགས་མའི་རྒྱལ་སྤྱིའི་སྐྱེས་པའི་གཟེབ་གྲུག་བཙན་བདག་འཕྲོག་རྩོད་འགྲན་བསྡུར་སྐབས་གཉིས་པའི་མཇུག་བསྡུའི་མཛད་སྒོ་དེ་ཟླ5པའི་ཚེས13ཉིན་གྱི་དགོང་མོའི་ཆུ་ཚོད7དང་སྐར་མ50སྟེང་རྫོང་ནུབ་སྒོའི་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་བསྡུས། ཐེངས་འདིའི་འགྲན་བསྡུར་ནི་དུས་ཡུན་ཉིན་ལྔའི་རིང་ལ་སྤེལ་བ་བརྒྱུད་ས་གནས་མང་ཚོགས་ལ་གྱ་ནོམ་ཞིང་ཕུན་སུམ་ཚོགས་པའི་ངོ་མཚར་ལྟད་མོ་ཞིག་བསྟན་སོང་།

ཐེངས་འདིའི་འགྲན་བསྡུར་གྱི་མཐའ་མཇུག་ཨང་རིམ་ནི་གཤམ་གསལ།

ཨང་དང་པོ་ནི་ཨུ་རུ་སིའི་ཝུ་ལ་ཨེར་མ་ཧྲ་རུ་ཁག          ཨང་གཉིས་པ་སི་པན་སྐར་ཆེན་རུ་ཁག           ཨང་གསུམ་པ་ནི་ལི་ཐའོ་ཝན་ཨ་ཐའེ་ལའེ་ཏ་སི་རུ་ཁག          ཨང་བཞི་བ་ནི་ཀྲེ་ཅང་ཁྲིའུ་ཀྲོའུ་དངུལ་ཁང་རུ་ཁག          ཨང་ལྔ་པ་ནི་ཅེ་ཁེའི་སའོ་ཁའོ་ཨེར་ཕུའུ་ལ་སི་ཅི་རུ་ཁག

ཨང་དྲུག་པ་ནི་ཨ་རིའི་མཚོ་དམག་དམག་དཔོན་རུ་ཁག་བཅས་ཡིན་འདུག

བྱ་དགའ་ཨང་དང་པོ་དང་གཉིས་པ་ཐོབ་མཁན་གྱི་རུ་ཁག་གི་འཐུས་ཚབ་པ། 

བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་རུ་ཁག་གི་འཐུས་ཚབ་པ།

བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་རུ་ཁག་གི་ལུས་རྩལ་པ་དག་གི་མཉམ་པར།


རྩལ་ནུས་ངོམས་བཞིན་པའི་ལུས་རྩལ་པ།

ཛ་དྲག་གི་འགྲན་བསྡུར།

ཡ་རྫི་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དང་ཞིང་ཆེན་ལུས་རྩལ་ཅུའུ་དང་ཞིང་ཆེན་གཟེབ་གྲུག་ལུས་རྩལ་ལྷན་ཚོགས་ཀྱི་འགོ་ཁྲིད་དང་འབྲེལ་ཡོད་མི་སྣ། ཐེངས་འདིའི་འགྲན་བསྡུར་གྱི་ཤན་འབྱེད་པ་དང་རྩལ་ཁྲིད་པ། ལུས་རྩལ་པ་བཅས་མཇུག་བསྡུའི་མཛད་སྒོ་ལ་ཞུགས།

གསར་འགོད་པ། སྐལ་བཟང་རིན་ཆེན།