མཚོ་སྔོན་སློབ་ཆེན་གྱིས་སྐབས་བཅུ་གསུམ་པའི་སློབ་མའི་འཐུས་ཚབ་ཚོགས་ཆེན་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དགོངས་དོན་དང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དུ་བྱས་ཏེ། གུང་གཞོན་ཚོགས་པའི་བཅོས་སྒྱུར་ལ་ཧུར་བརྩོན་གྱིས་སྐུལ་འདེད་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་ཝང་ཅན་ཅོན་གྱིས་མཚོ་སྔོན་སློབ་ཆེན་དུ“ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་འཁོར99ལོན་པའི་བྱ་འགུལ”ཁྲོད་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་དུ་བྱས་ཏེ། ནུས་ཤུགས་གང་ཡོད་སྒོས་ཁྱད་ཆོས་ཅན་དང་ཆུ་ཚད་ཀྱི་ཚད་གཞི་མཐོ་བའི་དེང་རབས་ཅན་གྱི་སློབ་ཆེན་འཛུགས་བསྐྲུན་བྱེད་ཆེད། ཟ5པའི་ཚེས13ཉིན་མཚོ་སྔོན་སློབ་ཆེན་གྱིས་སྐབས་བཅུ་གསུམ་པའི་སློབ་མའི་འཐུས་ཚབ་ཚོགས་ཆེན་བསྡུས་པ་རེད།

ཐེངས་འདིའི་གྲོས་ཚོགས་ལ་ཁྱོན་བསྡོམས་འཐུས་ཚབ་མི་སྣ426ཞུགས་ཡོད་པ་དང་ཟུར་ཞུགས་འཐུས་ཚབ་མི་སྣ202ཡོད། ཚོགས་འདུའི་འཐུས་མིས་འཐུས་མིའི་དབང་ཆ་གང་ལེགས་བེད་སྤྱོད་བྱས་ཤིང་ནན་ཏན་སྒོས《མཚོ་སྔོན་སློབ་ཆེན་གྱི་སྐབས་བཅུ་གཉིས་པའི་སློབ་མའི་ཨུ་ཡོན་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུ 》དང་དེ་མིན《མཚོ་སྔོན་སློབ་ཆེན་སློབ་མའི་ཚོགས་པའི་བཅོས་སྒྱུར་ཇུས་གཞི》གཉིས་ལ་ནན་ཏན་སྒོས་དཔྱད་གླེང་ཞིབ་སྡུར་བྱས་ཤིང་སྐབས་བཅུ་གཉིས་པའི་སློབ་མའི་ཨུ་ཡོན་ལྷན་ཚོགས་ཀྱི་བྱ་བར་རྣམ་འགྱུར་ཚད་མཐོན་པོའི་གདེང་འཇོག་བྱས་ཤིང་། དུས་མཉམ་དུ 《མཚོ་སྔོན་སློབ་ཆེན་སློབ་མ་ཚོགས་པའི་བཅོས་སྒྱུར་ཇུས་གཞིའི》ཁྲོད་བཏོན་པའི་དོན་ཚན་དྲུག་པའི་བཅོས་སྒྱུར་གྱི་བྱེ་བྲག་བྱེད་ཐབས་ཁྲོད་ཁ་གཏད་རང་བཞིན་གྱི་བསམ་འཆར་བཏོན་པ་རེད།

འཐུས་མི་དག་གིས་རེ་རེ་བཞིན་རང་གི་ལྟ་ཚུལ་བཏོན་པ་དང་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་སློབ་མའི་ཚོགས་པས་རང་གི་བསམ་བློར་ཤུགས་སྣོན་གྱིས་ཆབ་སྲིད་ལ་སྣེ་ཁྲིད་བྱེད་པ། ཐོག་མའི་སེམས་འདུན་མི་བརྗེད་པར་བྱས་ཏེ་མུ་མཐུད་དུ་མདུན་སྐྱོད་བྱས་ཤིང་སློབ་མའི་ཁེ་དབང་ལ་འགེབས་སྲུང་ཆེན་པོ་བྱེད་པ། རི་བོར་ལམ་གཏོད་པ་དང་ཆུ་ལ་ཟམ་པ་འཕེན་པ་བཞིན་སློབ་རའི་རིག་གནས་འཛུགས་བསྐྲུན་གསར་འཛུགས་ཀྱིས་མེ་ཏོག་མཉམ་བཞད་དང་སྒྲོམ་གཞི་གཅིག་ཏུ་མི་ཚུད་པ་བྱ་དགོས། སློབ་མའི་ཚོགས་པའི་བཅོས་སྒྱུར་ལ་སྐུལ་འདེད་བྱས་ཏེ་བློ་གཅིག་ལས་གཅིག་གིས་རིམ་པ་རེ་རེ་དམ་དུ་སྦྲེལ་ནས་སློབ་མའི་ཚོགས་པའི་རྩ་འཛུགས་ཀྱི“བདག་ཉིད་སློབ་གསོ་དང་བདག་ཉིད་ཞབས་ཞུ། བདག་ཉིད་དོ་དམ། བདག་ཉིད་ལྟ་རྟོག”བཅས་ཀྱི་ལས་འགན་ནུས་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས། དོན་དངོས་ཀྱིས་སློབ་གྲྭའི་འཕེལ་རྒྱས་དང་སློབ་མའི་འཚར་ལོངས་ཞབས་ཞུར་ཟུང་འབྲེལ་གྱིས་སློབ་མའི་བྱ་བའི་གནས་བབ་གསར་བ་གསར་འཛུགས་བྱེད་དགོས།

  ཚོགས་འདུའི་སྟེང《མཚོ་སྔོན་སློབ་ཆེན་གྱི་སྐབས་བཅུ་གཉིས་པའི་སློབ་མའི་ཨུ་ཡོན་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུ》ལ་ཡིད་འཐད་བྱུང་བ་དང《མཚོ་སྔོན་སློབ་ཆེན་སློབ་མའི་ཚོགས་པའི་བཅོས་སྒྱུར་ཇུས་གཞི》ལ་ཞིབ་བཤེར་གྲོས་སྡུར་བྱས་ཤིང་། སྐབས་གསར་བའི་སློབ་མའི་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གསར་བ་ཡང་འདེམས་ཐོན་བྱུང་།

ཚོགས་འདུའི་སྐབས་འཐུས་མི་དག་གིས་གུང་གཞོན་སློབ་ཚོགས་ཀྱི་རྩ་འཛུགས་བྱས་པའི“སེམས་གཅིག་སྒྲིག་གཞི་གཉིས”ཀྱི་རྩལ་ནུས་འདོན་སྤེལ་སྙན་ཞུ་ཡར་སྤྲད་པ་དང་སློབ་རའི་རིག་གནས་འཛུགས་བསྐྲུན་དང་དབྱར་ཁའི་གུང་གསེང་སྐབས་ཀྱི་སྤྱི་ཚོགས་དངོས་ཡོད་ཉམས་མྱོང་། དྲ་སྟེང་སློབ་མའི་ཚོགས་པ་གསར་འཛུགས་བྱེད་པ། སློབ་མའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ཇུས་གཞི་ཡང་ཡར་སྤྲད་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།