འགྲིམ་འགྲུལ་ཉེན་རྟོག་པས་རླང་འཁོར་མགྱོགས་ཐལ་གྱི་ཁྲིམས་འགལ་བྱ་སྤྱོད13ཐེར་འདོན་བྱས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཟླ5པའི་ཚེས14ཉིན། ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་རླངས་འཁོར་མགྱོགས་ཐལ་གྱི་ཁྲིམས་འགལ་བྱ་སྤྱོད13ཐེར་འདོན་བྱས་པ་དང་། དེའི་ནང་ཆེས་མཐོ་བའི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ144ལ་སླེབས་ཡོད་ཅིང་། ཁ་ལོ་པ6ལ་སོ་སོར་སྐར་མ12པོ་ཧྲིལ་གྱིས་འཐེན་པའི་ཆད་པ་བརྒྱབ།

ཞིང་ཆེན་མྱུར་བགྲོད་གཞུང་ལམ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་ངོ་སྤྲོད་བྱས་པར་གཞིགས་ན། མྱུར་ཚད་ནི་ལམ་ཁའི་འགྲིམ་འགྲུལ་གྱི་གནོད་འཚེ་གནད་དོན་གྱི་སྲོག་ཤིང་ལྟ་བུ་ཡིན་ལ། གསལ་པོར་བཤད་ན། མྱུར་ཚད་མགྱོགས་དྲགས་པའམ་འོས་འཚམ་མིན་ན་འགྲིམ་འགྲུལ་དོན་རྐྱེན་དང་སྲོག་ཉེན། ཡང་ན་རྨས་སྐྱོན་འབྱུང་བའི་རྐྱེན་རྩ་གཙོ་བོ་ཡིན། ད་ལྟའི་ཆར། རང་ཞིང་དུ་རིམ་བཞིན་ཡུལ་སྐོར་བ་མང་པའི་དུས་སུ་སླེབས་པ་དང་། མྱུར་བགྲོད་གཞུང་ལམ་གྱི་རླངས་འཁོར་ཟམ་མི་ཆད་པར་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ཐག་བཅད་མྱུར་ཚད་ལས་བརྒལ་ན་རང་ཉིད་ཀྱི་བདེ་འཇག་ལ་གནོད་པ་འབྱུང་བར་མ་ཟད། རླངས་འཁོར་གཞན་གྱི་བདེ་འཇགས་ལ་ཡང་གནོད་འཚེ་ཆེན་པོ་འབྱུང་ངེས་རེད། ཉེས་པ་འདིའི་རིགས་ཐེར་འདོན་གསལ་བྱས་པ་བརྒྱུད། རླངས་འཁོར་ཁ་ལོ་བ་ཚོས་ཡིད་གཟབ་བྱེད་པའི་རེ་བ་འདོན་པ་ཡིན་ཟེར།

ཐེན་འདོན་བྱས་པའི་རླངས་འཁོར་དག་ནི་རླངས་འཁོར་ཨང་རྟགས་ལུའུDN892Mཡི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ144ལ་སླེབས་པ་དང་། ཀྲེ་ཅངAD0B93གྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ140། མཚོ་སྔོནAYF505ཡི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ139།  མཚོ་སྔོནA0L579ཡི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ137། མཚོ་སྔོནBZ5161གི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ136། ཅིནKMG636གི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ136། མཚོ་སྔོནALT510གི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ136། མཚོ་སྔོནG00666གི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ136། མཚོ་སྔོནA61867གྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ135། མཚོ་སྔོནAFY718ཀྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ135། མཚོ་སྔོནAGE333གྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ135། སི་ཁྲོནA1852Jཡི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ135། མཚོ་སྔོནA02750གི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ135བཅས་སུ་སླེབས་པ་རེད།

གོང་གསལ་ཐེར་འདོན་བྱས་པའི་རླངས་འཁོར་ཁ་ལོ་པ་དག་ལ་དེ་འབྲེལ་ཁྲིམས་ལྟར་ཉེས་ཅད་གཅད་རྒྱ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།