རྨ་ལྷོ་ཁུལ་ཐུན་རིན་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཚོགས་ཆེན་བཅུ་དགུ་བ་དང་ཞི་ཅིན་ཕེང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་བྱས་པ།

ཝང་མའེ་ལེན་གྱིས་ཐེངས་འདིའི་ཚོགས་ཞུགས་མི་སྣར་འཆད་ཁྲིད་གནང་བའི་ཡུལ་དངོས།

ཉེ་ལམ། ཐུན་རིན་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭའི་མཐོ་རིམ་འཆད་མཁས་པ་བློ་མཐུན་ཝང་མའེ་ལེན་གདན་དྲངས་ནས་ཚོགས་ཆེན་བཅུ་དགུ་བ་དང་ཞི་ཅིན་ཕེང་གིི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སྐོར་ནས་འཆད་ཁྲིད་བྱས་ཤིང་། རུ་ཆེན་གྱི་ཏང་ཨུའི་རུ་མི་དང་དམངས་དོན་ཉེན་རྟོག་པ་ཡོངས། རོགས་སྒྲུབ་ཉེན་རྟོག་པ་ཡོངས་བཅས་སློབ་ཁྲིད་ལ་ཞུགས།

ཐུན་རིན་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་འཆད་ཁྲིད་ཡུལ་དངོས།

བློ་མཐུན་ཝང་མའེ་ལེན་གྱིས་ཐོག་མར་ངེད་རུ་ཆེན་གྱི་གདན་ཞུས་ལ་བཀའ་དྲིན་ཞུས་པ་དང་། སློབ་ཁྲིད་དངོས་ལ་ཞུགས་རྗེས་བློ་མཐུན་ཝང་མའེ་ལེན་གྱིས་ཐོག་མར་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་དཀའ་ཁག་དང་གནད་དོན་ལ་ཕྱིར་དྲན་བྱས་པ་དང་།དེ་དང་མཉམ་དུ་གྲུབ་འབྲས་སྐོར་ཞིག་ལ་དཔེ་བླངས་ནས་གཏིང་ཟབ་པའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་ཁྲོད་ཀྱི་གོ་སྐབས་དང་འགྲན་རྩོད་ལ་དབྱེ་ཞིབ་བྱས་པ་སྟེ། དཔེར་ན་དབུལ་ཐར་ཕྱུག་འགྱུར་དང་། སྐྱེ་ཁམས་ཤེས་རིག་གི་འཛུགས་སྐྲུན། སྤྱི་ཚོགས་དང་དམངས་སློབ། དོ་སྙོམས་ཀྱི་འཕེལ་རྒྱས་དང་། ཁྲིམས་ལྟར་དུ་རྒྱལ་ཁབ་སྐྱོང་བ། ཏང་གི་དབུ་ཁྲིད་བཅས་དོན་ཚན་བདུན་གྱི་ཕྱོགས་ནས་ལས་སྒོ་སོ་སོར་འགྲེལ་བརྗོད་ཞིབ་མོ་བྱས། ཁོ་མོས་བཤད་རྒྱུར།རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་དང་མང་ཚོགས་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་ཁྲོད་དུ། འཕེལ་རྒྱས་ཀྱི་ཚད་གཞི་སོ་སོའི་རིམ་པ་མཐོར་འདེགས་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ལེགས་འགྲུབ་ཡོང་བ་བྱས་ཏེ། སྤྱི་ཚོགས་ལས་དོན་འཕེལ་རྒྱས་སྔར་ལས་ལྷག་པར་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་འདུ་ཤེས་བརྟན་པོ་ཡོང་བ་བྱས་ཡོད། གོམ་པ་རྗེས་མ་ནི་ཏང་མི་ཡོངས་ཀྱིས་ཏང་གི་ཡང་དག་པའི་དབུ་ཁྲིད་འོག་ཏུ།ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་།ཞི་ཅིན་ཕེང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་དཀྱིལ་སྙིང་དུ་འཛིན་པའི་རིན་ཐང་གི་ལྟ་བ་རྒྱུན་འཁྱོངས་དང་།བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས།ཕུན་སུམ་ཚོགས་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་འཕེལ་རྒྱས་བཅས་ལ་ནུས་ཤུགས་འདོན་དགོས།

མཇུག་མཐར་བློ་མཐུན་ཝང་མའེ་ལེན་གྱིས་ཐེངས་འདིའི་སློབ་ཚན་ཡོངས་ཀྱི་སྐབས་སུ་པར་ལེན་པ་ལས་གཞན་མི་གཅིག་གིས་ཀྱང་ཁ་པར་མི་རྩེད་པས།ཉེ་བའི་ལོ་འགའི་རིང་ལ་འདི་འདྲའི་གནས་ཚུལ་ལེགས་པོ་ཞིག་དང་འཕྲད་མ་མྱོང་ཞེས་ཐུན་རིན་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ལ་བསྔགས་བརྗོད་གནང་ལ།དོ་དམ་ཤིན་ཏུ་གལ་ཆེ་བ་དང་ཐེངས་འདིའི་ཁྲིད་ཚན་ལ་ཞུགས་པའི་ཉེན་རྟོག་ལས་མི་ཡོངས་ལ་ཡང་བསྔགས་བརྗོད་བྱས་བྱུང་བ་རེད།

གསར་འགོད་པ།  རེབ་གོང་བསམ་སྤྱོད།