ཞིན་ཧེ་རྫོང་ཏང་གི་སློབ་གྲྭས་བོད་སྐད་ཀྱི་ལམ་ནས་གསོ་སྦྱོང་འཛིན་གྲྭ་སྒྲུབ་པའི་རྣམ་པ་གསར་པ་བཏོད་པ།


 

ཧུར་ཐག་སྒོས་བོད་ཡིག་ཤེས་ཤིང་འབྲེལ་འདྲིས་ལ་འཇོན་ཅིང་གཞི་རིམ་མང་ཚོགས་ཀྱི་བྱ་བ་སྒྲུབ་པའི་ལས་བྱེད་དཔུང་སྡེ་ཞིག་གསོ་སྐྱོང་དང་། ནུས་ལྡན་གྱི་སྒོ་ནས་གཞི་རིམ་ལས་བྱེད་མི་སྣས་བོད་ཡིག་བོད་སྐད་མ་ཤེས་པར་མང་ཚོགས་ཀྱི་བྱ་བའི་ཁྲོད་ཟབ་འཇུག་བྱེད་མི་ཐུབ་པའི་གནད་དོན་འབུར་ཐོན་རང་བཞིན་ལ་དམིགས་ཏེ། 2018ལོའི ཉེ་ལམ་རྫོང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་དག་གིས་སེམས་རྣལ་མའི་སྒོ་ནས་བོད་སྐད་ཡིག་གི་མ་དཔེ་འཛིན་གྲྭའི་སློབ་མ་དག་རྩ་འཛུགས་བྱས་ནས་ཕྱི་རོལ་ལུས་རྩལ་བྱེད་སྒོ་སྤེལ། རྩལ་སྦྱོང་ར་བ་རུ་སློབ་ཁྲིད་བྱེད་མཁན་དགེ་རྒན་གྱིས་ཐོག་མར་ལྒང་ལི་དང་བྱ་སྒྲོའི་སྤོ་ལོ། ཕིང་ཕིང་སྤོ་ལོ།  མཆོང་ཐག  ཐེབས་པད། ལྒང་རྒྱག་ར་བ་སོགས་བོད་ཡིག་བོད་སྐད་ཀྱི་མིང་གདགས་ཚུལ་ནས་མགོ་བརྩམས་ཏེ། ཕན་ཚུན་བར་དྲི་བ་དྲིས་ལན་ཚུལ་གྱིས་འགྲན་སྡུར་བྱས།

ཐེངས་འདིའི་བྱེད་སྒོའི་ཐོག“རྨང་གཞི་གསུམ་དམ་འཛིན་དང་རྨང་གཞི་གསུམ་ལ་ཤུགས་རྒྱག་པ”ཞེས་ཏང་དང་མང་ཚོགས་ཀྱི་འབྲེལ་བ་དམ་དུ་གཏོང་རྒྱུ་དེ་དམ་འཛིན་བྱེད་གཞི་གལ་ཆེན་ཞིག་ཏུ་བཟུང་སྟེ། “ཞིབ”“གཟབ”“བདེན”གསུམ་རྩ་བའི་ཚད་ཐིག་ཏུ་བཞག་ནས་བོད་ཡིག་གསབ་སྦྱོང་གི་དཀའ་གནད་ཀྱི་འགག་སྒོ་མེད་པར་བྱས་ཏེ། བོད་ཡིག་གསབ་སྦྱོང་གི་བྱེད་ནུས་མཐོར་འདེགས་དང་གཞི་རིམ་ལས་བྱེད་ཀྱི་བོད་ཡིག་བོད་སྐད་ཀྱི་གསོ་སྦྱོང་བྱ་བ་ནུས་ལྡན་དུ་བཏང་།དེའི་མ་ཟད་རོལ་རྩེད་ཀྱི་ཐབས་ལམ་བརྒྱུད་ནས་རྩོལ་བ་དང་ངལ་གསོ་ཟུང་འབྲེལ་སྒོས་བོད་སྐད་ཀྱི་དཔེ་སྟོན་འཛིན་གྲྭའི་སློབ་ཁྲིད་ཀྱི་ནང་དོན་སྔར་ལས་ཕུན་སུམ་ཚོགས་པར་བཏང་ །

ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་བོད་སྐད་གསོ་སྦྱོང་ནང་ཞུགས་པའི་ལས་བྱེད་པའི་ཤེས་བྱའི་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད་ད་དུང་ཆེ་རུ་ཕྱིན་པས། སློབ་མ་ཕན་ཚུན་བར་གྱི་མཛའ་བརྩེ་དང་། ལུས་སྦྱོང་གི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་པ་དང་གཟུགས་པོའི་བྱང་ཚད་མཐོ་རུ་གཏོང་བར་ངོས་ཟིན་བསྐྱེད་པའི་དུས་མཚུངས་སུ་སློབ་མ་ཚོའི་སློབ་གསེང་འཚོ་བ་ཕུན་སུམ་ཚོགས་པར་བཏང་།  ཁོ་ཚོས་དཀའ་སྤྱད་སྡུག་རུས་དང་དཔའ་ངར་ཆེར་སྐྱེད་ཀྱིས་འབད་འཐབ་བྱེད་པའི་སྙིང་སྟོབས་དང་། མཐུན་སྒྲིལ་བརྩོན་ལེན་དང་ཐུན་མོང་ལ་དགའ་ཞེན་བྱེད་པའི་སྙིང་སྟོབས་བསྐྱེད་སྲིང་བྱས། 

  

གསར་འགོད་པ།         ཕག་མོ་འཚོ།