མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིའི་གསོ་སྦྱོང་འཛིན་གྲྭ་ཧྲིན་ཀྲིན་ནས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་སྔོན། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས། ་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ཧྲིན་ཀྲིན་གསོ་སྦྱོང་རྟེན་གཞི་ནས་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིའི་གསོ་སྦྱོང་ཐེངས་དང་པོ་བསྡུས་པ་རེད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་མཱ་བེ་གསོ་སྦྱོང་ནང་ཞུགས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་རེན་གཞོན་པ་ཀའོ་ཧྭ་གསོ་སྦྱོང་ཁྲོད་ཞུགས་པ་མ་ཟད་གཏམ་བཤད་གནང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི100ལྷག་གསོ་སྦྱོང་ནང་ཞུགས་པ་རེད།

འཐུས་མི་རྣམས་ཀྱིས་མཐའ་གཅིག་ཏུ་བསམ་པར། ཐེངས་འདིའི་གསོ་སྦྱོང་གི་གཞི་ཁྱོན་ཆེ་ལ། ནང་དོན་ཟབ་པ། རྣམ་པ་བཟང་བ། དགེ་རྒན་བཟང་བ། སྒྲིག་ཁྲིམས་ནན་མོ་ཡིན་པ། སློབ་མའི་རྣམ་འགྱུར་བཟང་བ། གླེང་མོལ་གཏིང་ཟབ་པ། གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པས། གཅིག་རྗེས་གཉིས་མཐུད་ངང་བཤད་རྒྱུར། ཆབ་སྲིད་གཞུང་ལུགས་དང་། རྩ་ཁྲིམས་དང་བཅའ་ཁྲིམས། དེ་བཞིན་འཐུས་མིའི་ལས་སྒོའི་ཤེས་བྱའི་སློབ་སྦྱོང་སོགས་ལ་ཤུགས་བསྣན་ཏེ། འཐུས་མིའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། འགན་འཁྲིའི་ནུས་པ་མཐོར་འདེགས་སུ་གཏོང་བ། འཐུས་མིའི་ནུས་པ་གཙོ་བོ་འདོན་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་བྱེད་པ། རང་རྟོགས་ངང་ལས་དོན་ཁག་བསྒྲུབ་སྟེ། དུས་རབས་གསར་པའི་མཚོ་སྔོན་གསར་པ་བསྐྲུན་པའི་གོམ་སྟབས་སྙེག་ཅི་ཐུབ་བྱ་རྒྱུ།

ཀའོ་ཧྭ་ཡིས་འགོ་ཚུགས་མཛད་སྒོའི་སྟེང་བསྟན་དོན། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་ལས་འགན་ནི་གཟི་བརྗིད་ལྡན་པ་དང་།འགན་འཁྲི་ཧ་ཅང་ལྗིད་པོ་ཡོད། བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཁྲིད་སྟོན་འོག “འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “ཡིད་ཆེས་བཞི”ལ་རྐང་བཙུགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཁྲིམས་སྲོལ་ལ་སློབ་སྦྱོང་ཡག་པོ་བྱེད་པ་དང་། རྩ་ཁྲིམས་ལག་བསྟར་ནན་མོ་བྱས་ནས། ཁྲིམས་ལྟར་འགན་འཁྲི་བསྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ལས་འགན་ཁག་ནན་གྱིས་བསྒྲུབ་རྒྱུ་ཟེར།

ཀའོ་ཧྭ་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ལས་དོན་ཁྱོན་ཡོངས་ལ་གཞིགས་ཏེ། ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལས་དོན་ཁག་ནན་གྱིས་བསྒྲུབ་ནས། འབྱོར་ཕྱུག་དཔལ་ཡོན་དར་ཞིང་ཞི་མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་བསྐྲུན་པར་བྱས་རྗེས་གསར་པ་འཇོག་དགོས་ཟེར།

ལོ་ཙཱ་བ། ཀླུ་མོ།