ཐེམ་ཆེན་རྫོང་གིས་བོད་བརྒྱུད་ནང་བསྟན་དགོན་སྡེའི་སྲིད་ཇུས་དྲིལ་བསྒྲགས་སློབ་གསོ་ཤེས་བྱའི་འགྲན་བསྡུར་སྤེལ།

འགྲན་བསྡུར་གྱི་ཡུལ་དངོས།

ཟླ5པའི་ཚེས15ཉིན་གྱི་སྔ་དྲོར། རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྫོང་བོད་ཁམས་བདེ་འཇགས་གཞུང་ལས་ཁང་། རྫོང་དགོན་པ་དོ་དམ་གཞུང་ལས་ཁང་སོགསཀྱིས་གཙོ་སྒྲུབ་མཛད་པའི་སྐབས་གཉིས་པའི་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཤུགས་ཆེར་གཏོང་དགོས་པ་བཞི་དང་མཐོར་འདེགས་གཏོང་དགོས་པ་གཅིག  སྒྲོག་པ་ལྔ་དང་དགའ་བ་ལྔ་བརྗོད་དོན་དུ་བཟུང་བའི་དྲིལ་བསྒྲགས་སློབ་གསོ་ཤེས་བྱའི་འགྲན་བསྡུར་ཐེམ་ཆེན་དུ་སྤེལ།རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་འཇམ་དབྱངས་རྡོ་རྗེ ། རྫོང་ཨུའི་ཧྲུའུ་ཅི་གཞོན་པ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡིན་ཞོ་ཁྲིན་སོགས་བྱ་འགུལ་སྟེང་གདན་འདྲེན་ཞུས ། རྫོང་ཡོངས་ཀྱི་དགོན་པ་དགུ་ཡི་གྲྭ་བཙུན་ཉེར་བདུན་འགྲན་བསྡུར་ལ་ཞུགས །

དྲི་བ་འདྲི་བ།

ཐེངས་འདིའི་བྱ་འགུལ་ནི་སྲིད་ཇུས་དང་མི་རིགས། ཆོས་ལུགས། ཁྲིམས་ལུགས་སོགས་ཀྱི་ཤེས་བྱའི་འགྲན་བསྡུར་ཁོ་ན་ཙམ་མ་ཡིན་པར། ཤེས་བྱ་འགྲན་བསྡུར་ལས་བོད་བརྒྱུད་ནང་བསྟན་དགོན་སྡེས་དྲིལ་བསྒྲགས་སློབ་གསོ་རབས་དང་རིམ་པར་སློབ་སྦྱོང་བྱེད་པར་འབྲས་བུ་སྨིན་ས་ཞིག་ཀྱང་ཡིན། ཐེངས་འདིའི་བྱ་འགུལ་ལས་ཐུན་མོང་གི་ཨང་དང་པོ་གཅིག་དང་གཉིས་པ་གཅིག  གསུམ་པ་གཅིག་བཅས་དགར་ཏེ། གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་ཆབ་སྲིད་བསམ་བློའི་སྤུས་ཚད་མཐོར་འདེགས་དང་།  ཞི་ཅིན་ཕེང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་རླབས་ཆེན་གྱི་མེས་རྒྱལ ། ཀྲུང་ཧྭ་མི་རིགས ། ཀྲུང་ཧྭའི་རིག་གནས ། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སོགས་བློ་ལ་འཇགས་པར་བྱས །

བྱ་དགའ་ཐོབ་པའི་འགྲན་ཞུགས་པ།

འབྲེལ་ཡོད་འགོ་ཁྲིད་དང་འགྲན་ཞུགས་པ་ཡོངས་ཀྱི་མཉམ་པར།

གསར་འགོད་པ། གཅོད་པ་ཐར། བཀྲ་ཤིས་རྒྱལ།