མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་མདའ་བ300ལྷག་མཚོ་ཤར་གྲོང་ཁྱེར་གཞོང་ཐང་རྫོང་དུ་འཛོམས་ནས་མདའ་རྩལ་འགྲན་པ།

སྤྱི་ཟླ5པའི་ཚེས12ཉིན།རང་ཞིང་གི་ལས་བྱེད་རྒན་པ་དང་།ཟི་ལིང་གྲོང་ཁྱེར་མཁར་ཤར་ས་ཁུལ།གཙན་ཚ་རྫོང་།མཚོ་ཤར་གྲོང་ཁྱེར།དམར་གཙང་ས་ཁུལ།དཔའ་ལུང་རྫོང་དང་།ཧོར་གྲོང་རྫོང་།ལུང་མདོ་ས་ཁུལ།གཞོང་ཐང་རྫོང་སོགས་མདའ་རྩེད་རུ་ཁག་གི་འགྲན་ཞུགས་པ320ལྷག་གཞོང་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་འཛོམས་ནས་མདའ་རྩལ་འགྲན་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།