མ་ཝེ་ཡིས་འཚམས་འདྲི་ཚོགས་པ་ཁྲིད་དེ་ཀྲུང་གོ་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་དྲིལ་སྒྲོག་དང་མཚམས་སྦྱོར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།ཉེ་སྔོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མ་ཝེ་ཡིས་ཞིང་ཆེན་ཚོང་དོན་ཐིན་དང་ཀྲུང་གོ་བོད་ལུགས་ས་གདན་མཐུན་ཚོགས་སོགས་ཕྱོགས་ཀྱི་འཐུས་མིས་གྲུབ་པའི་འཚམས་འདྲི་ཚོགས་པ་ཁྲིད་དེ་པི་ལི་ཧྲི་དང་དབྱི་ལང་རྒྱལ་ཁབ་གཉིས་ལ་སོང་སྟེ་ཀྲུང་གོ་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་དྲིལ་སྒྲོག་དང་མཚམས་སྦྱོར་བྱས་པར་མ་ཟད། དཔལ་འབྱོར་ཉོ་ཚོང་གི་བསམ་བློ་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་འཚམས་འདྲི་བྱས་པ་རེད།

པི་ལི་ཧྲི་ནས་འཚམས་འདྲི་བྱེད་པའི་དུས་ཡུན་རིང་། མ་ཝེ་སྔ་རྗེས་ཞི་ཧྥོ་ལན་ཏེ་ཞིང་ཆེན་གྱི་ཧྲིན་ཀྲང་དང་།ཨན་ཐི་ཝེ་ཕུའུ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་གཉིས་ལ་མཇལ་པར་མ་ཟད།རྒྱལ་ཁབ་གཉིས་ཀྱི་ས་གནས་སྲིད་གཞུང་དང་དེ་མིན་འབྲེལ་ཡོད་ལས་ཁུངས་དང་ལས་རིགས། ཁེ་ལས་བཅས་ཀྱི་འགན་ཁུར་བ་དང་བཞུགས་མོལ་བྱས་ཏེ། དཔལ་འབྱོར་ཉོ་ཚོང་གི་བསམ་བློ་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་ཉམས་མྱོང་བརྗེ་རེས་བྱས་པ་དང་ཀྲུང་གོ་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་དྲིལ་སྒྲོག་དང་མཚམས་སྦྱོར་བྱས་པར་མ་ཟད། ཕན་ཚུན་ལ་རེ་བ་འདོན་པ་དང་གཏམ་བཤད་སྤེལ་བ། གདན་ཞུའི་ཡི་གེ་གནང་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་ས་གནས་ཀྱི་འགོ་གཙོ་དང་ཁེ་ལས་མི་སྣ་ཀྲུང་གོ་མཚོ་སྔོན་འགྲེམ་སྟོན་ཚོགས་འདུར་ཞུགས་པར་གདན་ཞུ་བྱས་པ་རེད།

འཚམས་འདྲིའི་སྐབས་སུ། མ་ཝེ་ཡིས་ད་དུང་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་སྲིད་ཇུས་དང“ས་ཁུལ་གཅིག་དང་ལམ་བུ་གཅིག”འཛུགས་སྐྲུན་ལག་བསྟར། དེ་མིན་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ཆོས་དང་སྐྱེ་ཁམས་གོ་གནས། ཐོན་ཁུངས་ནུས་ཁུངས་སོགས་གཙོར་བཟུང་ནས་དྲིལ་སྒྲོག་དང་མཚམས་སྦྱོར་བྱས་པ་རེད། 

ལོ་ཙཱ་བ། ཤ་མོ་འཚོ།