2018ལོའི་བོད་ལུགས་ས་གདན་འགྲེམས་སྟོན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་བྱ་བའི་གྲོས་ཚོགས་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   ཉེ་སྔོན།   2018ལོའི་ཀྲུང་གོ(མཚོ་སྔོན)བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་བྱ་བའི་གྲོས་ཚོགས་བསྡུས།   གྲོས་ཚོགས་སྟེང་འགྲེམས་ཚོགས་ཀྱི་གྲ་སྒྲིག་བྱ་བའི་གནས་ཚུལ་ཡར་ཞུ་ལ་ཉན་ཏེ་རྗེས་ཕྱོགས་ཀྱི་བྱ་བར་བཀོད་སྒྲིག་བྱས་ལ།    ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་དེ་གཏམ་བཤད་གནང་།

གྲོས་ཚོགས་ལས་བསྟན་དོན།    ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་ལ་གལ་ཆེའི་མཐོང་ཆེན་བྱེད་དགོས་ལ།   འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་དང་མཁོ་འདོན་གྲུབ་ཚུལ་རང་བཞིན་གཏིང་ཟབ་ཀྱིས་བཅོས་སྒྱུར།  ཕྱི་ཕྱོགས་མཉམ་འབྲེལ་བརྗེ་རེས་ཞིབ་ཕྲའི་བྱེད་ཐབས་སུ་བཟུང་སྟེ།རྒྱུན་མཐུད་ཀྱིས་ཞིབ་འཇུག་བཀོད་སྒྲིག་དང་ཤུགས་ཆེན་པོས་སྐུལ་འདེད་བྱ་དགོས།    ལོ་ངོ14རིང་གི་འཕེལ་རྒྱས་ལམ་བུ་བརྒྱུད་འགྲེམས་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཚད་དང་གཞི་རྒྱ་མངོན་གསལ་གྱིས་ཇེ་ཆེར་སོང་སྟེ།   སྤུས་ལེགས་ཅན་དང་ཆེད་ལས་ཅན་རྒྱལ་སྤྱི་ཅན་དུ་འགྱུར་བའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་སོང་སྟེ། མཐོ་དབུས་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་རྒྱལ་སྤྱིའི་ཁྲོམ་རར་འགྲོ་ཐུབ་པར་སྐུལ་འདེད་དང་།   རྒྱལ་སྤྱིའི་ས་གདན་ལས་རིགས་ཀྱི་བརྗེ་རེས་དང་མཉམ་འབྲེལ་ལ་སྐུལ་སྤེལ།    མཚོ་སྔོན་གྱི་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་འཛུགས་སྐྲུན་དང་ཁྱད་ལྡན་མི་རིགས་ཐོན་ལས་མགྱོགས་པོར་གོང་སྤེལ་བཅས་གཏོང་བའི་ཉོ་ཚོང་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། 2018ལོའི་ཀྲུང་གོ(མཚོ་སྔོན)བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་གྱིས་གསར་སྐྲུན་སྒོ་འབྱེད་དང་། དྲ་ཐོག་དང་དྲ་ཐོག་མ་ཡིན་པའི་ཁྱད་ལྡན་མངོན་པར་བྱས་ཏེ།    “ དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་ཚོང་རྟགས་གསར་སྐྲུན་དང“ས་ཁུལ་གཅིག་དང་ལམ་བུ་གཅིག”གི་འཛུགས་སྐྲུན་ཁྲོད་ཧུར་བསྐྱེད་ཀྱིས་མཉམ་འདྲེས་བྱེད་དུ་བཅུག་ནས། ནམ་ཡང་ཉམས་པ་མེད་པའི་བོད་ལུགས་ས་གདན་འགྲེམས་ཚོགས”ཤིག་གསར་སྐྲུན་བྱེད་པའི་སྤྱིའི་བླང་བྱ་འགྲེམས་ཚོགས་ཀྱི་ཕྱོགས་སོ་སོར་འདྲེས་པར་བྱ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་སྟེ།  བཀོད་སྒྲིག་ཞིབ་ཚགས་དང་ཞིབ་མའི་རྩ་འཛུགས། རོགས་སྒྲུབ་དམ་ཟབ་སྒོས་འགྲེམས་ཁང་སྐྲུན་པ་དང་དྲ་ཐོག་དང་དྲ་འོག་གི་ཉམས་ལེན་ཁང་འཛུགས་སྐྲུན།  སྣེ་ལེན་ཞབས་ཞུ།   དྲིལ་སྒྲོག་ཁྱབ་སྤེལ་དང་ཡུལ་དངོས་ཞབས་ཞུ་སོགས་ཀྱི་རྣམ་གྲངས་སོ་སོའི་བྱ་བ་ལེགས་པོར་བསྒྲུབས་ནས།   འགྲེམས་ཚོགས་ཀྱི་སྤུས་ཀ་ཤུགས་ཆེན་པོས་ཇེ་མཐོར་དང་ཤུགས་རྐྱེན་ཚད་རྒྱ་ཆེར་གཏང་བ།   འགྲེམས་ཚོགས་ཀྱི་བདེ་འཇགས་བྱ་བ་ཇེ་བཟང་དུ་གཏོང་བ་ལས་ཉམས་ཞན་དུ་གཏོང་མི་རུང་བ།  འགྲེམས་ཚོགས་ཀྱི་བདེ་འཇགས་འགན་ལེན་ཆུ་ཚད་ཇེ་མཐོར་གཏང་བ།    སྐབས་འདིའི་འགྲེམས་ཚོགས་ཁྱད་ཆོས་ལྡན་པ་དང་གཞི་རྒྱ་ཆེ་བ།ཆུ་ཚད་མཐོ་བ་བཅས་བྱ་བའི་སྒོ་ཀུན་ནས་ཧུར་བརྩོན་བྱ་དགོས་ཟེར།  

ལོ་ཙཱ་བ། ལྷ་ཆེན་རྒྱལ།