མཚོ་ནུབ་ཁུལ་གྱི་གྲོང་བརྡལ་བཞི་ཞིང་ཆེན་རིམ་པའི་མཛེས་སྡུག་གི་མཁར་གྲོང16གི་འཛུགས་སྐྲུན་ཁྲོད་བདམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་བའི་ཆར། རང་ཞིང་གིས་པར་བསྐྲུན་འགྲེམས་སྤེལ་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་བྱ་བའི2018ལོའི་ཇུས་གཞི》དེས་གཅིག་བསྡུས་སྒོས་ཁྱད་ཆོས་ལྡན་པའི་མཛེས་སྡུག་གི་མཁར་གྲོང16འཛུགས་སྐྲུན་ཁྲོད་མཁར་གྲོང་གི་ཁོར་ཡུག་ལ་དོན་དངོས་ཀྱི་རྣམ་པའི་ཆ་ནས་ལེགས་བཅོས་བྱས་པ་རེད།

ངོ་སྤྲོད་བྱས་པ་ལས་ཤེས་གསལ་ལྟར་ན། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་ཁྲོད་ཆེད་དོན་མ་དངུལ་སྒོར་དུང་ཕྱུར8བཏང་ནས་མཛེས་སྡུག་ལྡན་པའི་མཁར་གྲོང16འཛུགས་སྐྲུན་བྱེད་པར་བཀོལ་སྒྲིག་བྱས་པ་དང་། དེའི་ཁྲོད་ཚོད་རྩིས་མ་དངུལ་སྒོར་ཁྲི5000བཏང་ཞིང་། 《མཚོ་སྔོན་ཞིང་ཆེན་གྱི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་དཔྱད་ཞིབ་བྱེད་ཐབས(ཚོད་ལྟའི་དེབ)》གཞིར་བཟུང་ནས་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་བྱ་བའི་ཐད་ཕུལ་བྱུང་གྲོང་བརྡལ་གཅིག་ལ་སྒོར་ཁྲི700དང་། གྲོང་བརྡལ་ལེགས་པོ་ཞིག་ལ་སྒོར་ཁྲི300རེ་ཡི་ཚད་ལྡན་བྱ་དགའ་གནང་བ་རེད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། 2018ལོའི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་བྱ་བ་ལག་བསྟར་བྱེད་པའི་ཁྱབ་ཁོངས་ཁྲོད་ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་ཝུའུ་ཀྲོང་གྲོང་བརྡལ་གོང་མ། མཚོ་ཤར་གྲོང་ཁྱེར་ལུང་མདོ་ས་ཁུལ་ཧྲི་ལུའུ་གྲོང་བརྡལ། ཧོར་གྲོང་རྫོང་ཐང་ཁྲོན་གྲོང་བརྡལ། ཝུའུ་ཧྲི་གྲོང་བརྡལ། ཞོན་ཧྭ་རྫོང་ཅིས་ཧྲི་གྲོང་བརྡལ། པེ་གྲོང་གྲོང་བརྡལ། དམར་གཙང་རྫོང་ཀོའུ་ཧྲན་གྲོང་བརྡལ། མ་དབྱིན་གྲོང་བརྡལ། དཔའ་ལུང་རྫོང་བ་ཡན་གྲོང་བརྡལ། རྩ་བ་གྲོང་བརྡལ། ཀན་ཏུའུ་གྲོང་བརྡལ། མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཧའེ་ཐུའུ་ཐ་ལ་གྲོང་བརྡལ། ཝུའུ་ལན་རྫོང་ཞི་ལེ་ཀོའུ་གྲོང་བརྡལ། མང་ཡ་ཧྭ་ཐོའུ་ཀོའུ་གྲོང་བརྡལ། ཚྭ་འདམ་གཞོང་ཆེ་བའི་ཚ་འདམ་གྲོང་བརྡལ། ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་ཁྲི་དབང་གྲོང་བརྡལ་སོགས་ཁྱོན་བསྡོམས་མཛེས་སྡུག་ལྡན་པའི་མཁར་གྲོང16ཞིང་ཆེན་རིམ་པའི་མཛེས་སྡུག་ལྡན་པའི་མཁར་གྲོང་ཁྲོད་བདམས་ཐོན་བྱུང་ཡོད།

ལས་ཁུངས་སོ་སོས་མཁར་གྲོང་གི་གཞི་ཁྱོན་འཛུགས་སྐྲུན་གྱི་གཞི་ཁྱོན་ལ་སྣ་འཛོམས་རང་བཞིན་གྱིས་བསམ་གཞིག་བཏང་ཞིང་། འཛུགས་སྐྲུན་གྱི་ད་ལྟའི་གནས་བབ་དང་བྱེད་ནུས་གཏན་ཁེལ། རྣམ་གྲངས་ལག་བསྟར། མ་དངུལ་གསར་འཛུགས་མ་དངུལ་ལེགས་སྒྲིག་སོགས་ཀྱི་གཞི་རྒྱུ་བརྒྱུད་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་ཇུས་གཞི་གཏན་འབེབས་གསར་བཟོ་བྱས། དེ་ཡང་ས་བབ་ཡུལ་བརྟེན་གྱི་ཁྱད་ཆོས་ལྡན་པའི་མཛེས་སྡུག་གི་མཁར་གྲོང་མངོན་གསལ་བྱུང་ཡོད། ཞིང་ཆེན་རིམ་པའི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་གྱི་ཆེད་དོན་མ་དངུལ་གྱིས་བགྲོད་ལམ་དང་སྲང་ལམ་གྱི་འཛུགས་སྐྲུན་བྱ་དངོས་སོགས་གཙོ་བོར་བཟུང་ནས་དག་སྒྲིག་གང་ལེགས་དང་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་སྒྲིག་ཆས་གསར་པར་བཅོས་སྒྱུར་གསར་འཛུགས་བྱེད་པ། ལྗང་སྒྱུར་ཅན་དང་མཛེས་ལྗོངས་རིམ་སྤར་བཅས་ཀྱི་རྣམ་གྲངས་ལག་བསྟར་བྱས་ཡོད། དེ་དང་ཆབས་ཅིག་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་མཚོ་སྔོན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་པར་བསྐྲུན་འགྲེམས་སྤེལ་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི“སྤྱོད་ཁང་གསར་བཅོས”བྱ་བའི་ལོ་གསུམ་གྱི་ལས་འགུལ་ཇུས་གཞི》གཞིར་བཟུང་ནས་སྤྱི་པའི་སྤྱོད་ཁང་བཅོས་སྒྱུར་ཞིག་གསོ་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།