རྒྱལ་ཡོངས་ཐའེ་ཆོན་དྲག་རྩལ་གྱི་འགྲན་བསྡུར་ཁྲོད་ལུས་རྩལ་རྒན་པ་རེན་ཕེ་ཡུས་ཀྱིས་ཟངས་ཀྱི་རྟགས་མ་བླངས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཟླ5པའི་ཚེས16ཉིན། གསར་འགོད་པས་ཞིང་ཆེན་ལུས་རྩལ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཅང་སུའུ་ཞིང་ཆེན་ཝུའུ་ཞི་གྲོང་ཁྱེར་ནས་གཉེར་བའི2018ལོའི་རྒྱལ་ཡོངས་ཀྱི་ཐའེ་ཆོན་དྲག་རྩལ་གྱི་ས་ཚིགས་གཉིས་པའི་འགྲན་བསྡུར་ཁྲོད། རང་ཞིང་གི་ལུས་རྩལ་པ་རེན་ཕེ་ཡུས་ཀྱིས་སྐྱེས་མའི་སྤྱི་རྒྱ49རིམ་པའི་བྱ་དགའ་ཨང་གསུམ་པ་བླངས་པ་རེད།

རྒྱུས་ལོན་་བྱུང་བར་གཞིགས་ན། ཐེངས་འདིའི་འགྲན་བསྡུར་ནང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་རུ་ཁག41དང་། འགྲན་ཞུགས་པ700ལྷག་གིས་སྐྱེས་པ་དང་སྐྱེས་མའི་འགྲན་བསྡུར་ཁྲོད་རིམ་པ་བཅུ་དྲུག་གི་ཨང་དང་པོ་ཡོད་པ་རེད། རང་ཞིང་གི་ལུས་རྩལ་པ10འགྲན་བསྡུར་ནང་ཞུགས་པ་དང་། འགྲན་བསྡུར་ཁྲོད་རེན་ཕེ་ཡུས་ཀྱིས་སྐྱེས་མའི་སྤྱི་རྒྱ49རིམ་པའི་ཨང་གསུམ་པ་བླངས་ཤིང་། དེ་དང་ཆབས་གཅིག་ཏུ་ཁོ་མོར་དེ་མཚུངས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྡོམ་རྩིས་སྐར་མ་ཡང་ཐོབ་པ་རེད།

རེན་ཕེ་ཡུས་ཀྱི་རྩལ་ཁྲིད་དགེ་རྒན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། རེན་ཕེ་ཡུས་ནི་རང་ཞིང་གི་སྐྱེས་མའི་ཐའེ་ཆོན་དྲག་རྩལ་རྣམ་གྲངས་ཀྱི་ལུས་རྩལ་པ་རྒན་གྲས་ཡིན་པ་དང་། རྒྱལ་ཡོངས་ཀྱི་ཐའེ་ཆོན་དྲག་རྩལ་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་མྱོང་ལ། ཀྲུང་གོ་ཐའེ་ཆོན་དྲག་རྩལ་ཡོངས་བསྒྲགས་འགྲན་བསྡུར(རྒྱལ་སྤྱིའིBརིམ་པའི་འགྲན་བསྡུར)ཁྲོད་ཨང་གཉིས་པ་བླངས་མྱོང་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།