རང་ཞིང་གི་རྒྱལ་གཉེར་ཁེ་ལས་ཀྱི་སྒྲིག་འགལ་ལས་གཉེར་ཐད་ཀྱི་མ་དངུལ་ཕྱིར་འཐེན་བྱེད་པའི་ཐབས་ཇུས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉིན་འདི་དག་གི་རིང་ལ། 《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཉེར་ཁེ་ལས་ཀྱི་སྒྲིག་འགལ་ལས་གཉེར་ཐད་ཀྱི་མ་དངུལ་ཕྱིར་འཐེན་འགན་ཁུར་བྱེད་པའི་ཐབས་ཇུས》ཞེས་པ་དངོས་སུ་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་རེད། དེ་ཡང་བདེ་ཐང་ཅན་གྱི་རྒྱལ་ཡོངས་རྒྱལ་གཉེར་ཁེ་ལས་ཀྱི་སྒྲིག་འགལ་ལས་གཉེར་ཐད་ཀྱི་མ་དངུལ་ཕྱིར་འཐེན་བྱེད་པའི་འགན་འཁྲིའི་ལམ་ལུགས་དང་འགན་འཁྲིའི་རྗེས་འདེད་རྩད་གཅོད་སྒྲིག་གཞི་འཐུས་ཚང་དུ་བཏང་ཞིང་། རྒྱལ་གཉེར་མ་རྩའི་དངུལ་ཕྱིར་ཤོར་བ་སྔོན་འགོག་ཐད་ལ་བྱེ་བྲག་གི་དོན་སྙིང་གལ་ཆེན་ལྡན།

《ཐབས་ཇུས》དེས་རང་ཞིང་གི་རྒྱལ་གཉེར་ཁེ་ལས་ཀྱི་ལྟ་སྐུལ་དོ་དམ་བྱ་བའི་དོན་དངོས་དང་ཟུང་འབྲེལ་གྱིས། རང་ཞིང་གི་སྒྲིག་འགལ་ལས་གཉེར་ཐད་ཀྱི་མ་རྩའི་འགན་འཁྲི་རྗེས་འདེད་ཀྱི་ཁྱབ་ཁོངས་དེ་ཞིང་ཆེན་རིམ་པའི་རྒྱལ་གཉེར་མ་དངུལ་གྱི་ཁེ་ལས་ཁྲོད་སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་རྒྱལ་གཉེར་ཁེ་ལས་ཁྲོད་ཁྱབ་དུ་བཅུག་ཡོད་ལ། སྒྲིག་འགལ་ལས་གཉེར་མ་རྩ་འཇོག་པའི་མ་དངུལ་གྱི་གྱོང་གུད་ཐད་ཀྱི་འགན་འཁྲིའི་རྗེས་འདེད་ལྟ་སྐུལ་ངོ་བོའི་ཁྲོད་ཀྱི་རྒྱལ་གཉེར་ཁེ་ལས་དེ། རང་སྟེང་དང་རིམ་པ་སོ་སོའི་མ་དངུལ་གཏོང་མཁན་མི་སྣའི་འགན་ཁུར་དགོས་པའི་སྒྲིག་གཞི་གཏན་འབེབས་བྱས་ཡོད། 《ཐབས་ཇུས》དེས་འགན་འཁྲི་བྱ་བའི་རྩ་འཛུགས་ལག་བསྟར་ཞིབ་ཚགས་ཅན་དུ་ཡང་བཏང་ཡོད་ལ་དོན་དག་དེར་རྩད་གཅོད་བྱེད་པ་དང་ཐག་གཅོད་བྱེད་པ། དག་སྒྲིག་བྱེད་པ་བཅས་ཀྱི་གོ་རིམ་བཞི་གཞིར་བཟུང་ནས་སྤེལ་ཡོད་ལ། སྤྱིར་བཏང་དུ་མ་དངུལ་གྱི་གྱོང་གུད་དེ་ནི་རྒྱལ་གཉེར་ཁེ་ལས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་རང་སྟེང་དུ་འགན་འཁྲི་རྗེས་འདེད་བྱ་བ་སྤེལ་ཡོད་ལ། གོང་རིམ་ཁེ་ལས་དང་ལག་བསྟར་མ་དངུལ་གཏོང་མཁན་གྱིས་འགན་འཁྲི་དེས་སྒྲིག་གཞི་དེ་ངེས་པར་དུ་སྒྲུབ་དགོས་པ་ཞིག་ཡིན། ཡིན་ཡང་ཐད་ཀར་དུ་རྩ་འཛུགས་ལག་བསྟར་བྱས་ན་ཅུང་ཚབས་ཆེ་བའམ་ཡང་ན་མ་དངུལ་གྱི་གྱོད་གུད་ཐད་ལ་ཡང་གྱོང་གུད་ཚབས་ཆེན་ཐེབས་སྲིད། དེ་བས་གོང་རིམ་ཁེ་ལས་དང་མ་དངུལ་གཏོང་མཁན་མི་སྣས་འགན་འཁྲི་བྱ་བའི་སྒྲིག་གཞི་ལྟར་མ་དངུལ་ཐད་གྱོང་གུད་ཐེངས་མང་བྱུང་བའམ་ཡང་ན་རྒྱུ་རྐྱེན་གཞན་དག་གི་དབང་གིས་བྱུང་བའི་ཤུགས་རྐྱེན་མི་ལེགས་པ། མ་དངུལ་གྱི་གྱོང་གུད་མ་དངུལ་ཚབས་ཆེ་ཞིང་ཁེ་ལས་ཀྱི་འཚོ་གནས་འཕེལ་རྒྱས་ལ་ཉེན་ཁ་ཆེ་བ། སྐབས་བསྟུན་གྱི་མ་དངུལ་གཏོང་མཁན་དག་གིས་ངེས་པར་དུ་འགན་འཁྲི་འདི་དང་ལེན་བྱ་དགོས།

རིམ་པ་སོ་སོའི་ལག་བསྟར་མ་དངུལ་གཏོང་མཁན་གྱི་འགན་འཁྲིའི་སྒྲིག་གཞི་དང་རྒྱལ་གཉེར་ཁེ་ལས་ཀྱི་སྐབས་བསྟུན《ཐབས་ཇུས》གཞིར་བཟུང་ནས། བེད་ཐང་ཅན་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་ལས་གཉེར་མ་དངུལ་དེ་ཕྱིར་འཐེན་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་། འགན་འཁྲིའི་བྱེད་ཐབས་ཀྱི་ཚད་གཞི་དང་འགན་འཁྲི་དེ་ཞིབ་ཚགས་ཅན་དུ་བཏང་བས། སྒྲིག་འགལ་གྱི་ལས་གཉེར་མ་རྩ་འཇོག་མཁན་གྱི་བྱ་བའི་འགན་འཁྲི་དེར་གོ་རིམ་ལྡན་ཞིང་འཁོར་སྐྱོད་ཅན་དང་སྒྲིག་སྲོལ་གོ་རིམ་ཅན་དུ་སྤེལ་བར་འགན་བཅོལ་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།