ཡུལ་ཤུལ་ཁྲི་འདུ་རྫོང་ནས་བྲག་བརྐོས་རི་མོ་མང་པོ་རྙེད་པ།

རྟོག་ཞིབ་པས་ཁྲི་འདུ་རྫོང་ཁྲི་དབང་གྲོང་རྡལ་པད་ལུང་གྲོང་ཚོ་ནས་བྲག་བརྐོས་རི་མོར་ལྟ་བ།

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པས། རྫོང་དེའི་མངའ་ཁོངས་ཀྱི་གནས་མི་འདྲ་བ་ནས་བྲག་བརྐོས་རི་མོ་མང་པོ་རྙེད་ཅིང་། དེ་དག་རི་ངོས་ཀྱི་གཤོང་སར་ཡོད་ལ་རི་མོའི་ནང་དོན་ཡང་མི་འདྲ་སྟེ།  ཤྭ་བ་དང་། གཡག་ལ་སོགས་པའི་སྲོག་ཆགས་དང་མིའི་གཟུགས་བརྙན། གཞན་མཚོན་རྟགས་རི་མོ་སོགས་འདྲ་མིན་སྣ་ཚོགས་ཡོད་པ་རེད།    ཀྲུང་གོའི་བྲག་བརྐོས་སློབ་ཚོགས་ཀྱི་ཚོགས་གཙོ་དང་ཀྲུང་གོ་མི་དམངས་སློབ་ཆེན་ལོ་རྒྱུས་སློབ་གླིང་གི་དགེ་རྒན་ཆེ་མོ་ཝའེ་ཅིན་གྱིས་ངོ་སྤྲོད་ལྟར་ན། བྲག་བརྐོས་རི་མོ་འདི་དག་གི་དུས་ཡུན་ཅུང་རིང་ཞིང་། འགའ་ཞིག་གི་དུས་ཚོད་ད་ལྟ་ནས་ཡར་དེད་ན་ལོ་ངོ་སྟོང་གཉིས་ཡས་མས་སོང་ཡོད་པ་དང་། རང་རྒྱལ་གྱི་འབྲི་ཆུའི་འབབ་རྒྱུད་ཀྱི་གནའ་བོའི་མེས་པོ་རྣམས་ཀྱིས་བཞག་པའི་རིག་གནས་ཀྱི་ཤུལ་བཞག་རྩ་ཆེན་རེད་ཟེར།

རྟོག་ཞིབ་པས་ཁྲི་འདུ་རྫོང་ཁྲི་དབང་གྲོང་རྡལ་པད་ལུང་གྲོང་ཚོ་ནས་བྲག་བརྐོས་རི་མོར་ལྟ་བ།

རྟོག་ཞིབ་པས་ཁྲི་འདུ་རྫོང་ཁྲི་དབང་གྲོང་རྡལ་པད་ལུང་གྲོང་ཚོ་ནས་བྲག་བརྐོས་རི་མོར་ལྟ་བ།

རྟོག་ཞིབ་པས་ཁྲི་འདུ་རྫོང་ཁྲི་དབང་གྲོང་རྡལ་པད་ལུང་གྲོང་ཚོ་ནས་བྲག་བརྐོས་རི་མོར་ལྟ་བ།

ལོ་ཙཱ་བ། ཁོན་ཐར་འཚོ།