རང་རེའི་ཞིང་ཆེན་གྱིས་རྒྱལ་གཉེར་ཁེ་ལས་ཀྱི་སྒྲིག་འགལ་ཚོང་གཉེར་དང་མ་དངུལ་གཏོང་འཇོག་ལ་ཉེས་འདེད་བྱེད་བཏོན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཉེ་ཆར་། 《 མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་གཉེར་ཁེ་ལས་ཀྱི་སྒྲིག་འགལ་ཚོང་གཉེར་སྐྱོང་མ་འཇོག་འགན་འཁྲི་ཉེས་འདེད་བྱེད་ཐབས》 དངོས་སུ་ཁྱབ་བསྒྲགས་ལག་བསྟར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱལ་གཉེར་ཁེ་ལས་ཀྱིས་སྒྲིག་འགལ་དངང་ཚོང་གཉེར་དང་མ་དངུལ་གཏོང་འཇོག་འགན་འཁྲི་ཉེས་འདེད་ལམ་ལུགས་དང་འགན་འཁྲི་ཉེས་འདེད་ཀྱི་ལྡོག་བཤེར་གྱི་ལམ་སྲོལ་བཙུགས་ནས་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་རྒྱུ་ནོར་ཕྱིར་གྲོན་སྔོན་འགོག་ལ་དོན་སྙིང་གལ་ཆེན་ལྡན།

《 བྱ་ཐབས》 ཀྱིས་ ཞིང་ཆེན་ཡོངས་ཀྱི་རྒྱལ་གཉེར་ཁེ་ལས་ལ་ལྟ་སྐུལ་དོ་དམ་བྱེད་པའི་དོན་དངོས་ལ་དམིགས་ནས།  རང་རེའི་ཞིང་ཆེན་གྱིས་སྒྲིག་འགལ་ཚོང་གཉེར་གྱི་མ་དངུལ་གཏོང་འཇོག་འགན་འཁྲི་ཉེས་འདེད་ཀྱི་ཁྱབ་ཁོངས་ལ། ཞིང་ཆེན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་མ་དངུལ་གཏོང་འཇོག་གི་ཁེ་ལས་ནས་སྔར་བས་རྒྱ་སྐྱེད་དེ་ཞིང་ཆེན་ཡོངས་ཀྱི་རྒྱལ་གཉེར་ཁེ་ལས་སུ་གྱུར་བ་དང་། གཏན་འབེབས་ལྟར་སྒྲིག་འགལ་ཚོང་གཉེར་མ་དངུལ་གཏོང་འཇོག་གིས་རྒྱུ་ནོར་གྱོང་གུན་གྱི་འགན་འཁྲི་ཉེས་འདེད་ལ་ལྟ་སྐུལ་བྱེད་པའི་གཙོ་བོ་ནི། རྒྱལ་གཉེར་ཁེ་ལས་རང་ཉིད་དང་རིམ་པ་ཁག་གི་མ་རྩ་འཇོག་མཁན་གྱི་འགན་འཁྲི་སྒྲུབ་པའི་ལས་ཁུངས་ཡིན་པ་དང། 《 བྱ་ཐབས》ཀྱིས་འགན་འཁྲི་ཉེས་འདེད་ལས་དོན་གྱི་སྒྲིག་འཛུགས་ལག་བསྟར་ལ་ཞིབ་ཕྲ་བཟོས།

དང་ལེན-བརྟག་དཔྱད-ཐག་གཅོད-དག་ཐེར-ཡོ་བསྲང་བཅས་གོ་རིམ་བཞི་ལྟར་སྤེལ་བ་དང་། སྤྱིར་བཏང་གི་རྒྱུ་ནོར་གྱི་གྱོང་གུན་ནི་རྒྱལ་གཉེར་ཁེ་ལས་ཀྱིས་འབྲེལ་ཡོད་གཏན་འབེབས་ལྟར་རང་རང་ནས་འགན་འཁྲི་ཉེས་འདེད་ཀྱི་ལས་དོན་སྤེལ་བ་དང་། གོང་རིམ་ཁེ་ལས་དང་ཡང་ན་མ་རྩ་འཇོག་མཁན་གྱི་འགན་འཁྲི་བསྒྲུབ་པའི་ལས་ཁུངས་ཀྱིས་འགན་འཁྲི་ཉེས་འདེད་དགོས་ངེས་ཡོད་པར་འདོད་རིགས་ལ་ཐད་ཀར་སྒྲིག་འཛུགས་བྱེད་ནས་འགན་འཁྲི་ཉེས་འདེད་བྱེད་ཆོག རྒྱུ་ནོར་གྱོང་གུན་དེ་ཅུང་ཆེ་བ་དང་ཡང་ན་ཧ་ཅང་ཆེ་བའི་ཚད་གཞིར་སླེབས་ཚེ།  གོང་རིམ་ཁེ་ལས་ཡང་ན་མ་རྩ་འཇོག་མཁན་གྱི་འགན་འཁྲི་སྒྲུབ་པའི་ལས་ཁུངས་ཀྱིས་འགན་འཁྲི་ཉེས་འདེད་ལས་དོན་སྤེལ་དགོས། མ་རྩའི་གྱོང་གུན་ཚབས་ཆེན་མང་པོ་བྱུང་པའམ་ཡང་ན་ཤུགས་རྐྱེན་ངན་པ་ཚབས་ཆེན་གཞན་དག་བཟོས་རིགས་དང་། རྒྱུ་ནོར་གྱི་གྱོང་གུན་ཕོག་པའི་དངུལ་གྲངས་ཤིན་ཏུ་མང་པའམ་དེ་བཞིན་ཁེ་ལས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་གནོད་ཚེ་ཐེབས་པའི་མ་རྩ་འཇོག་མཁན་ལ།  མ་རྩ་འཇོག་མཁན་གྱི་འགན་འཁྲི་སྒྲུབ་པའི་ལས་ཁུངས་ཀྱིས་འགན་འཁྲི་ཉེས་འདེད་བྱེད་དགོས།

རིམ་པ་ཁག་གི་མ་རྩ་འཇོག་མཁན་གྱི་འགན་འཁྲི་སྒྲུབ་པའི་ལས་ཁུངས་དང་། རྒྱལ་གཉེར་ཁེ་ལས་ཀྱིས《 བྱ་ཐབས》 ལྟར། སྒྲིག་འགལ་གྱིས་ཚོང་གཉེར་མ་འཇོག་གི་འགན་འཁྲི་བདའ་འདེད་ལམ་ལུགས་འཛུགས་ནས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། འགན་འཁྲི་བདའ་འདེད་ཀྱི་ཚད་གཞི་དང་འགན་འཁྲི་ཞིབ་ཕྲའི་བཟོས་ནས། སྒྲིག་འགལ་ཚོང་གཉེར་མ་འཇོག་གི་འགན་འཁྲི་ཉེས་འདེད་ལས་དོན་ཐད་སྒྲིག་ཡིག་རྩིས་ས་དང་ཚད་ལྡན་གོ་རིམ་ལྡན་པར་འགན་སྲུང་བྱ་དགོས།

ལོ་ཙཱ་བ།གཡང་སྐྱིད།