ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་ཟོང་འཁོར་གྱི་ཤོང་ཚད་ལས་བརྒལ་བའི་ཆད་གཅོད་ཚད་གཞི་ཁྱབ་བསྒྲགས་བྱས་པ།

ཉེ་ཆར། ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་མཚོ་སྔོན་ཞིང་ཆེན་གྱི་ཟོང་འཁོར་གྱི་ཤོང་ཚད་ལས་བརྒལ་བའི་ཆད་གཅོད་ཚད་གཞི་དང་ལྟ་སྐུལ་ཁ་པར་ཁྱབ་བསྒྲགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་སྐྱེལ་འདྲེན་ཚད་བརྒལ་ཁྲིམས་བསྟར་བྱ་བ་སྔར་ལས་ཚད་ལྡན་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་།  

         ཚད་བརྒལ་ཆད་གཅོད་ཀྱི་ཚད་གཞི།

ཟོང་འཁོར་དུ་དངོས་པོའི་འདྲུད་ཚད་ཞིབ་བཤེར་གཏན་འབེབས་ཀྱི་ཐེག་ཚད་ལས30%མན་བརྒལ་ཚེ། ཁྲིམས་འགལ་གནས་ཚུལ་མེད་པར་གཏོང་རག་བར་དུ་རླངས་འཁོར་བཀག་ཉར་བྱ་རྒྱུ། ད་དུང་ཁ་ལོ་པར་སྒོར200ཡི་དངུལ་ཆད་གཅོད་པར་མ་ཟད་སྐར3འཐེན་དགོས།

ཟོང་འཁོར་དུ་དངོས་པོའི་འགྲུལ་ཚད་ཞིབ་བཤེར་གཏན་འབེབས་ཀྱིེ་ཐེག་ཚད་ལས30%ཡན་བརྒལ་ཚེ། ཁྲིམས་འགལ་གནས་ཚུལ་མེད་པར་གཏོང་རག་བར་དུ་རླངས་འཁོར་བཀག་ཉར་བྱ་རྒྱུ། ད་དུང་ཁ་ལོ་པར་སྒོར500ཡི་དངུལ་ཆད་གཅོད་པར་མ་ཟད་སྐར6འཐེན་དགོས།

དེ་དང་ཆབས་ཅིག དོ་བདག་གིས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་ཁྲིམས་བསྟར་བྱ་སྤྱོད་ལ་བསམ་འཆར་ཡོད་པའམ་ཡང་ན་གཤམ་གྱི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་ཚེ། ས་གནས་དེ་གའི་ལྟ་སྐུལ་ཁ་པར་ལས་ཞུ་གཏུག་བྱས་ཆོག  གནས་ཚུལ་དེའི་རིགས་ནི་གཤམ་གསལ་ལྟར།

དངོས་པོའི་ཐོ་འགོད་ཡི་གེའི་སྟེང་གི་བསྡུར་ཚད་གཞི་འཛིན་མི་བྱེད་པར་ཆད་པ་ལག་བསྟར་བྱེད་པ་དང་། ལས་གནས་ཀྱི་སྟབས་བདེ་བེད་སྤྱད་དེ་རྣམ་པ་མི་འདྲ་བའི་སྒོ་ནས་དོ་བདག་པ་དང་མངགས་བཅོལ་བྱེད་མཁན་གྱི་རྒྱུ་ནོར་ལེན་པའི་རིགས་དང་། སྒྲིག་འགལ་ངང་རླངས་འཁོར་བདག་གཉེར་གླ་ཡོན་དང་ལམ་གླ་སོགས་ཀྱི་གྲོན་དངུལ་ལེན་པའི་རིགས། དུས་བརྒལ་བཀག་ཉར་བྱེད་པ་དང་། དངོས་པོའི་ཤོང་ཚད་ལས་བརྒལ་བའི་རླངས་འཁོར་བཀག་ཉར་བྱས་རྗེས་ཐག་གཅོད་མི་བྱེད་པའི་རིགས། གཞུང་ལམ་གྱི་ཚད་བརྒལ་ཞིབ་དཔྱད་ས་ཚིགས་མ་གཏོགས་པའི་ས་གནས་སུ་རླངས་འཁོར་གྱི་མྱུར་ཚད་དང་ཤོང་ཚད་ལ་ཉེས་ཆད་གཅོད་པའི་ཁྲིམས་འགལ་བྱ་སྤྱོད་ཀྱི་རིགས། ཁྲིམས་འཛིན་ཚད་ལྡན་མེད་པའི་གནད་དོན་གཞན་དག་བཅས་སོ། །