འབའ་རྫོང་གིས་རོང་འབྲོག་པའི་འཚོ་ཐབས་ལག་རྩལ་ཟབ་སྦྱོང་ཚ་ཚ་འུར་འུར་ངང་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཉེ་སྔོན།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་གི་ལས་ཞུགས་ཅུས་ཀྱིས་དཔྱིད་ཀའི་ཁོམ་ལོང་བེད་སྤྱད་དེ།  ཟི་ལིང་ལྕགས་དང་ངར་ལྕགས་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་གདན་ཞུས་ཏེ། ཞོལ་མ་ཞང་རྨོག་དཀར་སྡེ་བ་དང་ཉིན་ལུང་སྡེ་བ་ནས2018ལོའི་འབའ་རྫོང་འཚོ་བའི་ལག་རྩལ་ཟབ་སྦྱོང་འཛིན་གྲྭ་གཉེར་བ་དང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཡོང་འབབ་འཕར་སྣོན་ཡོང་བའི་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་བཏོད་པ་རེད།

ཉེ་བའི་ལོ་འདི་དག་གི་རིང་། འབའ་རྫོང་རོང་འབྲོག་ཁུལ་གྱི་བེད་མེད་ངལ་རྩོལ་པའི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་ཕྱིར།་བྱེད་པར། རོང་འབྲོག་ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་སྒོས། ལས་ཀ་རིགས་མི་འདྲ་བའི་ཟབ་སྦྱོང་འཛིན་གྲྭ་བསྡུ་སྒྲིག་གང་ལེགས་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་ལག་རྩལ་ཟབ་སྦྱོང་འཛིན་གྲྭ་སྣ་ཚོགས་སྤེལ་ནས་རོང་འབྲོག་མང་ཚོགས་ཀྱི་བྱ་གཞག་གསར་གཏོད་དང་ལས་ཞུགས་ལ་ལག་རྩལ་མཁོ་འདོན་བྱས་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་ཉིན30རིང་གི་ཟབ་སྦྱོང་ནང་ཁྱོན་བསྡོམས་སྒོར་ཁྲི40བཏང་བ་དང་། མི200ལྷག་ཟབ་སྦྱོང་ནང་ཞུགས་ཤིང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།