སྐབས་བཞི་བའི་ཀྲུང་གོ་རེབ་གོང་ཐང་ག་འབྲི་བཞེངས་འགྲན་སྡུར་ཆེན་མོ་སྤེལ་བའི་སྐོར་གྱི་བརྡ་སྦྱོར།

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད། 2018ལོའི་ཟླ8པའི་ཚེས9ཉིན་སྐབས་བཞི་བའི་ཀྲུང་གོ་རེབ་གོང་ཐང་ག་འབྲི་བཞེངས་འགྲན་སྡུར་ཆེན་མོའི་བྱ་འགུལ་སྤེལ་རྒྱུ་ཡིན་ལ། སྐབས་འདིའི་འགྲན་སྡུར་ཆེན་མོའི་སྐོར་གྱི་འབྲེལ་ཡོད་བྱ་གཞག་གཤམ་གསལ་ལྟར།

དང་པོ།  མིང་ཐོ་འགོད་པའི་དུས་ཚོད།

2018ལོའི་ཟླ5ཚེས25ནས2018ལོའི་ཟླ7ཚེས10བར་ཡིན་ལ་དུས་ཡོལ་ཚེ་མིང་ཐོ་མི་འགོད།                      

གཉིས་པ།   མིང་ཐོ་འགོད་གནས།

རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་ཅུའུ་སུམ་ཐོག་གི་སྐབས་བཞི་བའི་ཀྲུང་གོ་རེབ་གོང་ཐང་ག་འབྲི་བཞེངས་འགྲན་སྡུར་ཆེན་མོའི་གཞུང་སྒྲུབ་ཁང་།

གསུམ་པ།  མིང་ཐོ་འགོད་པའི་ཁྱབ་ཁོངས།

འགྲན་སྡུར་ལ་ས་ཁུལ་དང་། ལོ་ཚོད།  ཕོ་མོ་དང་མི་རིགས་མི་དགར་བར་རྒྱལ་ཡོངས་ཀྱི་ལྷ་རིས་པ་ཡོངས་ཞུགས་ཆོག

བཞི་བ། མིང་ཐོ་འགོད་སྟངས།

རྨ་ལྷོ་ཁུལ་གྱི་འགྲན་ཞུགས་མི་སྣས་འགྲན་སྡུར་ཆེན་མོའི་གཞུང་སྒྲུབ་ཁང་ལ་མིང་ཐོ་འགོད་དགོས་ལ།  མིང་ཐོ་འགོད་སྐབས་ལྷ་རིས་པ་རྣམས་ཀྱིས «སྐབས་བཞི་པའི་ཀྲུང་གོ•རེབ་གོང་ཐང་ག་འབྲི་བཞེངས་འགྲན་སྡུར་ཆེན་མོའི་ཐོ་འགོད་རེའུ་མིག» ཁ་སྐོང་དགོས་པ་དང་། འགྲན་ཞུགས་མི་སྣས་རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་དང་ཚུན་གཉིས་ཅན་གྱི་གློག་རྡུལ་འདྲ་པར་འཁྱེར་ཡོང་དགོས། ཞིང་ཆེན་གཞན་པ་དང་ཁུལ་གཞན་པའི་འགྲན་ཞུགས་མི་སྣས་ཐད་ཀར་སྐབས་བཞི་བའི་རེབ་གོང་ཐང་ག་འབྲི་བཞེངས་འགྲན་སྡུར་ཆེན་མོའི་གཞུང་སྒྲུབ་ཁང་ལ་དྲ་ལམ་ནས་མིང་ཐོ་བཀོད་ཆོག  མིང་ཐོ་འགོད་པའི་རེའུ་མིག་རེབ་གོང་སྒྱུ་རྩལ (http://www.qh.xinhuanet.com/rgys/)དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།(http://www.qh.xinhuanet.com/hnzzf/index.htm)ཀྲུང་གོ་བོད་ཀྱི་དྲ་བ། (http://www.tibet3.com/)མཚོ་སྔོན་པོ་དྲ་བ་(http:// www. amdotibet. com/)བཅས་ནས་ཕབ་ལེན་བྱས་ཆོག

ལྔ་པ།  འགྲན་ཞུགས་ཀྱི་ཆ་རྐྱེན།

འགྲན་སྡུར་ལ་ལག་རྩལ་མཐོ་དམན་ཁག་གཉིས་སུ་དགར་ཡོད་ལ། འགྲན་ཁག་དང་པོའི་འགྲན་གཞིའི་སྐྱ་ཐིག་ཅུང་དཀའ་བ་དང་འགྲན་ཁག་གཉིས་པའི་འགྲན་གཞིའི་སྐྱ་ཐིག་ཅུང་སླ་བ་ཡིན། འགྲན་གཞིའི་སྐྱ་ཐིག་དུས་ཚོད་བཞིའི་ནང་འགྲན་ར་ནས་འགྲུབ་དགོས་པས་ལྷ་རིས་པ་རྣམས་ཀྱིས་མིང་ཐོ་འགོད་སྐབས། རང་ཉིད་ཀྱི་ལག་རྩལ་དང་འདོད་མོས་ལྟར་འགྲན་ཁག་གང་རུང་ལ་མིང་ཐོ་བཀོད་ཆོག་ཅིང་། མིང་ཐོ་བཀོད་རྗེས་གང་འདོད་ལྟར་འགྲན་ཁག་བརྗེ་མི་ཆོག

དྲུག་པ།  འགྲན་ཚུལ་དང་བྱ་དགའི་བཀོད་པ།

1.ཐེངས་འདིའི་རེབ་གོང་ཐང་ག་འབྲི་བཞེངས་འགྲན་སྡུར་ཆེན་མོ་ལ། ཐང་ག་འབྲི་བཞེངས་ཀྱི་འགྲན་སྡུར་དང་རེབ་གོང་ལྷ་རིས་སྒྱུ་རྩལ་གྱི་རྣམ་གྲངས་གཞན་དག་གི་འགྲན་སྡུར་སྤེལ་རྒྱུ། རེབ་གོང་སྒྱུ་རྩལ་གྱི་རྣམ་གྲངས་གཞན( འབག  ཤིང་བརྐོ  རྡོ་བརྐོ  ཤིང་རིས།  མར་རྒྱན། གོས་དྲུབ། གཙགས་དྲུབ་སོགས)པའི་འགྲན་སྡུར་བྱ་རྒྱུ་ཡིན།

2. ཐང་ག་འབྲི་བཞེངས་འགྲན་སྡུར་ཁག་དེ་ལ་ཀ་བ་དང་ཁ་བ་སྐོར་གཉིས་དང་། ལྷ་རིས་སྒྱུ་རྩལ་གྱི་རྣམ་གྲངས་གཞན་དག་བཅས་ཡོད། དེ་དག་ལས་མི102ལ་བྱ་དགའ་ཐོབ་པ་ཡིན།     དེའི་ནང་གི་ཐང་ག་འབྲི་བཞེངས་ཀྱི་འགྲན་མི60དང་རེབ་གོང་སྒྱུ་རྩལ་གྱི་རྣམ་གྲངས་གཞན་པའི་འགྲན་མི42ལ་བྱ་དགའ་སྟེར་རྒྱུ་ཡིན་ལ། འགྲན་ཞུགས་པ་ཡོངས་ལ་ལས་ཆག་ཁ་གསབ་རོགས་དངུལ་སྟེར་རྒྱུ་ཡིན།

3.ཐེངས་འདིའི་འགྲན་སྡུར་གྱི་འགྲན་ཁག་ཀ་བ་དང་ཁ་བ་སོ་སོར་ཁྱད་འཕགས་ཅན་གྱི་བྱ་དགའ་དང་། བྱ་དགའ་ཨང་དང་པོ། ཨང་གཉིས་པ། ཨང་གསུམ་པ་བཅས་སུ་ཕྱེས་ཡོད། རེབ་གོང་སྒྱུ་རྩལ་རྣམ་གྲངས་གཞན་པའི་འགྲན་སྡུར་ལ་ཡང་ཁྱད་འཕགས་ཅན་གྱི་བྱ་དགའ་དང་། བྱ་དགའ་ཨང་དང་པོ། ཨང་གཉིས་པ། ཨང་གསུམ་པ་བཅས་སུ་ཕྱེས་ཡོད།

4. ཐེངས་འདིའི་བྱ་དགའ་ཐོབ་མི་ལས་རྨ་ལྷོ་ཁུལ་རིམ་པའི་ལྷ་དཔོན་ཆེན་མོ་དང་ལྷ་དཔོན། ལྷ་དཔོན་རམ་འདེགས་པ་བཅས་བདམས་ཐོན་བྱུང་ཟིན་ལ། སྐབས་དང་པོ་དང་སྐབས་གཉིས་པ། སྐབས་གསུམ་པའི་ཐང་ག་འགྲན་སྡུར་སྟེང་ཁུལ་རིམ་པའི་ལྷ་དཔོན་འཛིན་ཡིག་ཐོབ་པ་རྣམས་ལ་ཡང་བསྐྱར་ཁུལ་རིམ་པའི་ལྷ་དཔོན་འཛིན་ཡིག་མི་སྟེར་བ་དང་། ཞིང་ཆེན་རིམ་པའི་ལྷ་དཔོན་ཐོབ་ཐང་ལེན་པར་ངོ་སྤྲོད་བྱེད་རྒྱུ།

བདུན་པ།  འབྲེལ་གཏུགས་མི་སྣའི་ཁ་པར།

གཞུང་སྒྲུབ་ཁང་གི་ཁ་པར།   0973—8722877

འབྲུག་གོ་ཚེ་རིང་།               15695332675

པད་མ།                            15500554263

བཀྲ་ཤིས་རྒྱལ་མཚན།           18109733134

ཡིག་ཟམ།                          tangkadasai2018@126.com  

སྐབས་བཞི་པའི་ཀྲུང་གོ་རེབ་གོང་ཐང་ག་འབྲི་བཞེངས་འགྲན་སྡུར་ཆེན་མོའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་།

2018ལོའི་ཟླ5བའི་ཚེས20ཉིན་ལ།