2018ལོའི་ན་གཞོན་ཤེས་ལྡན་མི་སྣའི་ཟབ་སྦྱོང་འཆར་གཞི། ———གློག་བརྙན་ཕྱོགས་ཀྱི་ཤེས་ལྡན་མི་སྣ། (བོད།)

ལས་གཞིའི་རྒྱབ་ལྗོངས།

བོད་ཀྱི་ན་གཞོན་དག་གིས་གློག་བརྙན་སྒྱུ་རྩལ་ལ་བཅངས་པའི་རེ་སྨོན་མངོན་འགྱུར་ཡོང་ཆེད་དང་གློག་བརྙན་ལག་རྩལ་ལ་འཇོན་པའི་བོད་ཀྱི་ན་གཞོན་གསོ་སྐྱོང་བྱེད་ཆེད་པེ་ཅིན་འོད་ཀྱི་ལམ་བུ་ཚན་རྩལ་ཚད་ཡོད་ཀུང་ཟིའི་སྤྱི་པའི་ཞབས་ཞུ་སྡེ་ཁག་དང་ཧྭ་ལའེ་ཝུའུ (སིངྒ་ཕོར) ཀུང་ཟིའི་ཁོངས་གཏོགས་ཧྭ་ལའེ་ཝུའུ (པེ་ཅིན) ཨང་ཀི་ཚན་རྩལ་ཚད་ཡོད་ཀུང་ཟི་གཉིས་མཉམ་འབྲེལ་སྒོས2018ལོར་དཀའ་ཁག་ཅན་གྱི་སློབ་མ12ལ་དབུལ་སྐྱོབ་ཀྱི་ལས་གཞི་ཞིག་འཆར་ཅན་དུ་སྒྲུབ་རྩིས་འདུག

ཟབ་སྦྱོང་ངོ་སྤྲོད།

ཧྭ་ལའེ་ཝུའུ (པེ་ཅིན) ཨང་ཀི་ཚན་རྩལ་ཚད་ཡོད་ཀུང་ཟི་ནི་སིངྒ་ཕོར་གྱི་སྒེར་གྱིས་མ་རྩ་བཏང་བའི་ཀུང་ཟི་ཞིག་ཡིན་ཞིང་། ཧོ་ལའེ་ཝུའུ་ནང་བཞིན་འཐུས་སྒོ་ཚང་བའི CGགློག་བརྙན་སྒྲིག་བཟོ་ལག་རྩལ་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་ཡོད། 2011ལོར་པེ་ཅིན་ནསDMA(ཡ་ཞི་ཨང་ཀི་སྨྱན་བྱེད་མཐུན་ཚོགས)གཉིས་དང་མཉམ་འབྲེལ་སྒོས་རྒྱལ་སྤྱིའི་རང་བཞིན་གྱི CGསློབ་གསོ་དང་སྒྱུ་རྩལ་མཉམ་འབྲེལ་བརྗེ་རེས་བྱེད་པའི་སྟེགས་བུ་ཞིག་སྟེ་ཧྭ་ལའེ་ཝུའུ(DMA)ཀྲུང་གོའི་གཞུང་ཕྱོགས་ཨང་ཀིའི་སྨྱན་བྱེད་ཤེས་ལྡན་མི་སྣ་ཟབ་སྦྱོང་ལྟེ་གནས་བཙུགས།

ལས་གཞིའི་ནང་དོན།

ཟབ་སྦྱོང་གི་འགྲོ་གྲོན། སློབ་གཉེར་བའི་སློབ་ཡོན་ཐད་ཁྲོམ་རྭའི་རིན་གོང་ལྟར་སྒོར29800ཅན་གྱི་སློབ་ཁྲིད་རོགས་དངུལ་གཏོང་རྒྱུ།

ཟབ་སྦྱོང་གི་དུས་ཡུན། ཟླ4—6བར།

མི་སྣ་བསྡུ་ཚད། མི12

ཟབ་སྦྱོང་གི་རེ་འདུན།

1.ཟབ་སྦྱོང་གི་དུས་སུ་སློབ་གཉེར་བ་དག་གིས་འགྲིག་ལམ་བརྩི་སྲུང་ནན་མོ་སྒོས་སློབ་བྱོལ་བྱེད་མི་ཆོག

2.ཟབ་སྦྱོང་ཁྲོད་སྦྱངས་འབྲས་གཡུར་དུ་ཟ་བ་ལོན་མཁན་དག་ལ་མིང་གྲགས་ཆེ་བའི་གློག་བརྙན་ཀུང་ཟིར་དངོས་སྦྱོང་ལ་འགྲོ་བའི་གོ་སྐབས་རེག་ཐུབ།

3.ཟབ་སྦྱོང་ལ་ཞུགས་འདོད་ཆེ་བའི་སློབ་གཉེར་བ་དག་ནི་ངེས་པར་དུ་གློག་བརྙན་ལས་རིགས་དང་འགུལ་རིས་སྒྲིག་སྦྱོར་ལ་མོས་པ་ཡོད་མཁན་ཡིན་དགོས།

4.རྒྱ་ཡིག་རྒྱ་སྐད་ལ་བྱང་ཆ་ལྡན་ཞིང་གློག་ཀླད་བཀོལ་ཤེས་དགོས།

5.ཕོ་མོ་ལ་དབྱེ་བ་མེད་ཅིང་སློབ་གཉེར་གྱི་ཆུ་ཚད་འབྲིང་རིམ་ཆེད་གཉེར་ཡན་ཡིན་དགོས།

ཟབ་སྦྱོང་གི་ས་གནས། པེ་ཅིན།

ཟབ་སྦྱོང་གི་དུས་ཚོད། གཏན་འཁེལ་བྱུང་མེད།

ཟབ་སྦྱོང་ནང་དོན། འགུལ་རིས་སྒྲིག་བཟོ།

མིང་ཐོ་འགོད་སྟངས། མི་སྒེར་གྱི་ངོ་སྤྲོད་རེའུ་མིག (ཟུར་དུ་གློག་རྡུལ་གྱི་པར་ཞིག་སྐུར་དགོས།)  དང་ཁྱིམ་ཚང་གི་འབྱོར་བའི་ཐད་ཀྱི་ཞིབ་བཤེར་རེའུ་མིག་ཅིག996725506@qq.comལ་སྐུར་དགོས།

མིང་ཐོ་འགོད་ཡུན། 2018ལོའི་ཟླ5པའི་ཚེས22—ཟླ6པའི་ཚེས22བར།

རེ་འདུན་གཞན་པ། ལས་གཞི་འདི་ནི་སློབ་ཡོན་ཁོ་ནའི་རོགས་སྐྱོར་ཡིན་པས་དེ་མིན་གྱི་འགྲོ་འཆག་ཉལ་འདུག་གི་འགྲོ་སྒོ་དག་སློབ་གཉེར་བ་རང་ངོས་ནས་འགན་འཁུར་དགོས།

རོགས་སྐྱོར་བྱེད་མཁན།

ཧྭ་ལའེ་ཝུའུ(སིངྒ་ཕོར) ཀུང་ཟི། 华莱坞(新加坡)公司   གཙོ་སྒྲུབ་བྱེད་མཁན།

འོད་ཀྱི་ལམ་བུ་པེ་ཅིན་ཚན་རྩལ་ཚད་ཡོད་ཀུང་ཟི། 爱道之光北京科技有限公司 འགན་གཙང་ལེན་བྱེད་མཁན།