ཐུན་རིན་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཆར་ཞོད་སྐབས་ཀྱི་གནམ་གཤིས་ངན་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་བརྡ་བཏང་བ།

 གནམ་གཤིས་སྡེ་ཁག་གིས་སྔོན་བརྡ་བཏང་བ་ལྟར་ན།བྱང་ཕྱོགས་ཀྱི་མཁའ་དབུགས་གྲང་མོ་དང་ལྷོ་ནུབ་ཀྱི་མཁའ་དབུགས་དྲོན་མོའི་བརླན་གཤེར་གྱི་ཤུགས་རྐྱེན་གྱིས།ད་ནས་ཉིན་ཉེར་ལྔའི་རིང་ལ་ཉིན་མོ་ནས་མཚན་མོའི་བར་དུ་རྫོང་ཡོངས་སུ་གཞི་རྒྱ་ཆེ་བའི་ཆར་བ་འབབ་རྒྱུ་ཡིན་པ་དང་།གནམ་གཤིས་རིམ་གྱིས་གྲང་མོར་འགྱུར་རྒྱུ་ཡིན་པས།ཐེངས་འདིའི་འབབ་ཞོད་ཆེ་བའི་གནམ་གཤིས་ཀྱིས་རང་རྫོང་གི་འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ངེས་ཡིན་ཕྱིར།སྐུ་ཉིད་ནས་གཟབ་གཟབ་གནང་བར་མཁྱེན།

ཐུན་རིན་རྫོང་གི་འགྲིམ་འགྲུལ་ཉེན་རྟོག་པས་འགྲོ་འོང་གི་ཁ་ལོ་བ་རྣམས་ལ་གསལ་བརྡ་བཏང་བ་ཡིན།

གཅིག  མཐོང་ལམ་ལེགས་པོ་རྒྱུན་འཁྱོངས་བྱོས་ཤིག

ལམ་དུ་ཆས་དུས་ཆར་འབྱིད་ཡོ་ཆས་ལ་ཞིབ་བཤེར་བྱས་ནས།རླངས་འཁོར་སྐོར་དུས་ཤེལ་ངོས་སུ་རླངས་པ་ཆགས་ཚེ།དྲོད་རླངས་ཀྱི་ཁ་ཕྱེས་ཏེ་རླངས་པ་གཙང་སེལ་བྱེད་རྒྱུ་གལ།

གཉིས། རླངས་འཁོར་དལ་མོར་བསྐོར་ནས།འཁོར་བསྒག་ག་ལེར་སྡོམས་ཤིག

ཆར་ཞོད་ཀྱི་སྐབས་སུ་ལམ་ངོས་བརླན་ཤས་ཆེ་བས།རླངས་འཁོར་ཇེ་དལ་དུ་བཏང་སྟེ།

འཁོར་བསྒག་ག་ལེར་བསྡམ་དགོས།དེ་མིན་ལམ་ངོས་ནས་འདྲེད་པའི་ཉེན་ཁ་ཡོད།རླངས་འཁོར་གྱི་མགྱོགས་དལ་ནི་སྣུམ་སྒོ་མནོན་པའི་ཚད་ཐིག་གིས་ཚོད་འཛིན་བྱས་ཏེ།འཁོར་བསྒག་བསྡམ་ནས་འཁོར་འདྲེད་ཤོར་བར་སྔོན་འགོག་བྱ་དགོས།

གསུམ། དཀྱོགས་འཁོར་ག་ལེར་བསྐོར་རོགས།

ཆར་ནང་དུ་རླངས་འཁོར་འདྲེད་ཉེས་ཤོར་སླ་བས།དཀྱོགས་ལམ་ནས་ག་ལེར་འགྲོ་རྒྱུ་གལ་ཆེ།དཀྱོགས་ཚར་རྗེས་ད་གཟོད་རླངས་འཁོར་གྱི་མྱུར་ཚད་རྒྱུན་ལྡན་དུ་གཏོང་དགོས་ལ།གལ་ཏེ་དཀྱོགས་ལམ་གྱི་གནས་ཚུལ་མཐོང་མི་ཐུབ་པའི་སྐབས་སུ་དུང་བརྡས་ཕ་རོལ་བོར་གསལ་བརྡ་རྒྱག་དགོས་པ་དང་།དཀྱོགས་འཁོར་ཤུགས་ཀྱིས་བསྐོར་བ་དང་འཁོར་བསྒག་ཤེད་ཀྱིས་བསྡམ་པ་སོགས་བྱེད་མི་རུང་།

བཞི། རླངས་འཁོར་ཕན་ཚུན་གྱི་བར་ཐག་རིང་དུ་གཏོང་རོགས།

ཆར་ནང་དུ་འདྲེད་ཉེས་ཤོར་སླ་བས།རླངས་འཁོར་བསྐོར་དུས་གཞན་དང་གཤིབ་ནས་འགྲོ་མི་རུང་།ལྷག་པར་དུ་ལམ་ངོས་བརླན་གཤེར་ཆེ་དུས་འཁོར་བསྒག་ལ་ཚོད་འཛིན་བྱེད་དཀའ་བས།རླངས་འཁོར་ཕན་ཚུན་གྱི་བར་ཐག་ལ་ཚོད་འཛིན་བྱ་བ་གལ་ཆེ།

ལྔ། རླངས་འཁོར་གྱི་གློག་བརྡ་ཚད་ལྡན་དུ་བཀོལ་སྤྱོད་བྱ་རོགས།

ཆར་ནང་དུ་མཐོང་ལམ་མི་བཟང་བའི་རྐྱེན་གྱིས་ངེས་པར་དུ་ཉེ་གློག་བཀར་དགོས།གལ་ཏེ་མཐོང་ལམ་ཅིས་ཀྱང་མི་གསལ་ཚེ་རྒྱང་གློག་བཀར་ནས་ཕ་རོལ་བོའི་རླངས་འཁོར་དང་ཡང་ན་ལམ་གྱི་མི་ལ་རང་ཉིད་མཐོང་བ་བྱ་དགོས།

དྲུག  ཆུ་འཁྱིལ་གྱི་གནས་ཚུལ་ལ་ལྟ་ཞིབ་བྱ་དགོས།

ཆར་ཞོད་ཆེ་དུས་ལམ་དུ་ཆུ་འཁྱིལ་ཡོད་ཚེ།རླངས་འཁོར་སྔ་མའི་ལམ་ཐིག་སྙེགས་ནས་ག་ལེར་འགྲོ་རོགས།གལ་ཏེ་གནས་ཚུལ་མི་གསལ་བའམ་ཡང་ན་ཅུང་གཏིང་བའི་ཆུ་འཁྱིལ་དང་འཕྲད་ཚེ།སྐུ་ཉིད་ཀྱིས་རླངས་འཁོར་འགྲོ་མཚམས་བཞག་ནས་ལམ་གྱི་གནས་ཚུལ་ལ་ཞིབ་བལྟ་བྱ་རོགས།ངེས་པར་དུ་ཆུ་ལ་བརྒལ་དགོས་ཀྱི་གནས་ཚུལ་དང་འཕྲད་ཚེ།བང་བསྒྱུར་དམའ་མོའི་སྟེང་ནས་མཚམས་མ་བཞག་པར་འགྲོ་བ་ལས།ཆུ་ནང་ནས་རླངས་འཁོར་འདུག་པའམ་མྱུར་ཚད་ཇེ་དལ་དུ་གཏོང་མི་རུང་།

བདུན།  ལམ་གྱི་མི་ལ་གཟབ་རོགས།

ཆར་ནང་དུ་རླངས་འཁོར་བསྐོར་དུས་མི་དང་འཕྲད་ཚེ།འགྲོ་མིའི་གནས་ཚུལ་ལ་བརྟག་ནས་སྔོན་དུ་དུང་བརྡ་རྒྱག་པ་དང་།མྱུར་ཚད་ཇེ་དལ་དུ་གཏོང་རོགས།གལ་ཏེ་གནས་ཚུལ་ཚབས་ཆེན་དང་འཕྲད་ཚེ་༡༡༠ལ་ཁ་པར་གཏོང་རོགས།ཐུན་རིན་རྫོང་འགྲིམ་འགྲུལ་ཉེན་རྟོག་པས་སྐུ་ཉིད་ཀྱི་ལམ་སྐབས་བདེ་བའི་སྨོན་འདུན་ཞུ།། །།

ཐུན་རིན་རྫོང་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་བདེ་འཇགས་ཀྱི་གསལ་བརྡའི་བརྡ་འཕྲིན་འདི་སྤེལ་ནས།རྒྱ་ཆེའི་འགྲིམ་འགྲུལ་བ་རྣམས་ལ་བདེ་འཇགས་ཀྱི་གསལ་བརྡ་འདི་བཏང་བ་ཡིན། །

གསར་འགོད་པ། བསམ་སྤྱོད།