གསེར་ཆེན་རྫོང་གིས་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་བྱ་བ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གསར་འགོད་པས་གསེར་ཆེན་རྫོང་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་བསྐྲུན་པའི་སྐུལ་སློང་ཚོགས་ཆེན་ཐོག་ཤེས་རྟོགས་བྱུང་བར། ད་ལོའི་ཟླ2པར། གསེར་ཆེན་རྫོང་ཀྲུང་དབྱང་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་གིས། 2018-2020ལོའི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་ཀྱི་མིང་བཏོན་པའི་གྲོང་ཁྱེར་ལ་ཆོག་མཆན་བཀོད་པ་རེད།  ད་ལྟའི་ཆར། གསེར་ཆེན་རྫོང་གིས་ཇུས་འགོད་ནན་ཏན་དང་སྒྲིག་འཛུགས་ཞིབ་མོ་བྱས་ཐོག ལས་ཀའི་བྱེད་ཐབས་གཏན་འབེབས་བྱས་ཏེ། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་ཀྱི་བྱ་བ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། གསར་བཏོད་ལས་དོན་དང་ལྟེ་བའི་ལས་དོན་གཞན་དག་དང་མཉམ་དུ་བཀོད་སྒྲིག་དང་མཉམ་སྐུལ། མཉམ་སྒྲུབ། མཉམ་ཞིབ་བཅས་བྱས་ཏེ།  གསར་བཏོད་ལས་དོན་གྱི་རྒྱུན་བསྲིངས་དང་ཅན་དང་ཕུགས་ཕན་ཅན་རྒྱུན་འཁྱོངས་དང་མཉམ་དུ་གསར་བཏོད་ལས་དོན་ཁག་དཔུང་གཤིབ་མཉམ་སྐྱོབ་ཐུབ་པར་ཁག་ཐེག་བྱས་པ་རེད།

2018ལོའི་ཟླ5པ་ནས་བཟུང་། གསེར་ཆེན་རྫོང་གིས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་ལས་དོན་གྱི་སྤྱིིའི་བླང་བྱ་དང་འབྲེལ་ཡོད་ཞིབ་ཕྲའི་དམིགས་ཚད་ནན་ཏན་གྱིས་གཞིར་བཟུང་ནས། ལམ་སྲོལ་ཆེན་པོ་ལྔ་བཙུགས་པ་དང་བྱ་བ་ཁག་ལག་བསྟར་དོན་འཁྱོལ་བྱས་ཏེ།དཔལ་ཡོན་གྲོང་ཁྱེར་བཏོད་པའི་ལས་དོན་དུས་ཐོག་ཏུ་ལེགས་འགྲུབ་ཡོང་བར་འགན་ལེན་བྱས་པ་རེད། ཆབ་སྲིད་འཛུགས་སྐྱོང་དང་དཔལ་འབྱོར་འཛུགས་སྐྲུན། རིག་གནས་དར་སྤེལ།  སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་དར་སྤེལ་དང་ཏང་ལེགས་སྐྱོང་བཅས་ཁྱོན་ཡོངས་འཕེལ་རྒྱས་འགྲོ་བར་སྔར་བས་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་དཔལ་ཡོན་བྱང་ཚད་དང་། གྲོང་ཁྱེར་གྱི་དཔལ་ཡོན་དར་ཚད། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་བ་དང་། བཟང་བཀུར་དགེ་ཕྱོགས་དང་རིག་གནས་གཏིང་ཟབ། ཞི་མཐུན་བདེ་སྡོད་ཀྱི་ས་མཐོའི་ཁྱད་ཆོས་ལྡན་པའི་དཔལ་ཡོན་རྫོང་འཛུགས་སྐྲུན་བྱས་ཏེ། 2020ལོར་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་ནང་བྱས་རྗེས་ཕུལ་དུ་བྱུང་བ་འཇོག་པར་བརྩོན་ལེན་བྱ་རྒྱུ་རེད།

ཉེ་བའི་ལོ་འགའི་རིང་དུ། གསེར་ཆེན་རྫོང་གིས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་ཀྱི་བྱེད་སྒོ་ལ་སྐུལ་འདེད་གསལ་པོ་བཏང་བ་དང་། རང་རྒྱུད་ཀྱི་དཔལ་ཡོན་རྨང་གཞི་ལ་བརྟེན་ནས་དམངས་ཡོངས་ཀྱི་དཔལ་ཡོན་བྱང་ཚད་མཐོར་འདེགས་སུ་བཏང་བར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཐོན་ཡོད་ལ། གྲོང་ཁྱེར་ཡར་ངོའི་ཟླ་ལྟར་གོང་འཕེལ་འགྲོ་བ་དང་། འཚོ་སྡོད་དང་ཡུལ་སྐོར། ལས་གཉེར་བཅས་སུ་འཚམ་པའི་གསེར་ཆེན་རྫོང་དེ་བཟང་པོ་འཁོར་རྒྱུག་གི་ལམ་དུ་འཕེལ་བཞིན་ཡོད་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།