ཚྭ་འདམ་གཞོང་གི་ཚྭ་མཚོའི་ནང་ནས“ལེ”ཡི་འགོ་ཁུངས་རྙེད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་གསར་འགོད་པས་ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་གླིང་ནས་རྒྱུས་ལོན་པ་ལྟར་ན། ཞིབ་འཇུག་གླིང་དེའི་མཚོ་སྔོན་ཚྭ་མཚོ་སའོ་ཡི་ཞིབ་འཇུག་པ་དབྱི་ཅོན་ཆིང་ཚོགས་པས། ཚྭ་འདམ་གཞོང་སའི་དཀྱིལ་དབུས་སུ་ལེ་འདུས་མོད་པའི་ཚྭ་ཆུ་དང་ཆུ་ཁ་གསབ་བྱེད་པའི་གཞི་རྒྱུའི་འདུས་ཚད་ཕུན་སུམ་ཚོགས་ལ། མཚེའུ་ནང་དུ་བཞུར་བ་དང་བཞུར་ཚད་ཁྱབ་ཁོངས་ཀྱི་རྣམ་པ། ས་དབྱིབས་རིག་པ། ཚྭ་མཚོའི་ཚྭ་བསགས་ལོ་མང་རིང་གི་རིགས་གཞུང་སོགས་ལ་སྣ་འཛོམས་ཞིབ་འཇུག་བྱས་པ་བརྒྱུད། ཕུན་སུམ་ཚོགས་པའི་ཚྭ་མཚོའི་ལེ་འདུས་གཏེར་ཁའི་བརྒྱུད་རིམ་དང་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་ངོས་འཛིན་བྱས་པ་མ་ཟད། གཏེར་ཁ་སྔོག་འདོན་གྱི་རྣམ་བཞག་འོག་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་དགོས་ཚུལ་ཡང་བཏོན་ཡོད། གྲུབ་འབྲས་དེ་ད་ལྟ《ཚྭ་མཚོའི་ཞིབ་འཇུག》ཞེས་པའི་དེབ་དེའི་སྟེང་འཁོད་ཡོད།

ལོ་འདི་དག་གི་རིང་ལ་རྒྱལ་ཁབ་སོ་སོའི་ནུས་ཁུངས་གསར་པའི་འཐབ་ཇུས་ཁྲོད་ལེ་ཡི་གོ་གནས་མངོན་གསལ་གྱིས་ཇེ་མཐོར་སོང་ཞིང་སྒུལ་ཤུགས་ཅན་གྱི་ལེ་རྡུལ་གློག་རྡེའུ་ཡི་དགོས་མཁོ་ཡང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། དེའི་རྐྱེན་གྱིས་ཚྭ་མཚོའི་ཚྭ་ཆུའི་ནང་ནས་ལེ་ལེན་རྒྱུར་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད། འོན་ཀྱང་ང་ཚོས་ཚྭ་མཚོའི་ཁྲོད་ཀྱི་ལེ་ཡི་གཏེར་ཁའི་གཞི་རྒྱུ་དང་ཁྱབ་ཁོངས་སྒྲིག་སྲོལ་ལ་ཞིབ་འཇུག་གཏིང་ཟབ་བྱས་མེད་པས། གཞི་ཁྱོན་ཆེན་པོའི་སྒོ་ནས་གཏེར་ཁ་སྔོག་འདོན་བྱས་ན་ལེ་དང་མཉམ་དུ་ཡོད་པའི་ཚྭ་ཆུ་ལ་སྲུང་སྐྱོབ་བྱེད་པ་སྣང་ཆུང་དུ་ཆགས་སྲིད་པས། གཏེར་ཁུངས་ལི་ཡི་ཐོན་ཁུངས་ཤོར་བའི་གནད་དོན་ཡང་འབྱུང་སྲིད།

ཞིབ་འཇུག་ལས་ཤེས་གསལ་ལྟར་ན། ཁུ་ནུ་རི་བོའི་ཚ་དྲོད་ཀྱི་ཆུའི་འགོ་ཁུངས་ཁྲོད་ལི་འདུས་ཆུ་བོ་དེ་དུས་ཡུན་རིང་བོ་བཞུར་ནས། ཆུ་དམར་དང་ན་ལེན་ཀུ་ལུ་ཆུ་བོར་འདྲེས་ནས་མཇུག་མཐར་ཚྭ་མཚོ་ཆགས་པ་དང་རླངས་འགྱུར་ལས་ད་བཟོད་ཕུན་སུམ་ཚོགས་པའི་གཏེར་ཁུངས་དེ་གྲུབ་པ་རེད། ཆུ་དམར་དང་ན་ཧི་ཆུ་བོ་གཉིས་ཀ་དུས་སྔ་མོའི་འབབ་རྒྱུད་གཙོ་བོ་ནི་ལེ་ཁུ་ཐང་ཆེན་ཡིན་ལ། མདུན་ནས་རི་བོས་བཀག་པས་བྱང་ཕྱོགས་ལ་སྐུལ་འདེད་བྱས་ཤིང་བྱང་རྒྱུད་དུ་བཞུར་བ་བརྒྱུད་ད་བཟོད་ལི་འདུས་ཆུ་བོའི་མིག་སྔར་གྱི་རྣམ་པ་འདི་གྲུབ་པ་དང་། པེ་ལེ་ཐང་ཆེན་དུ་ལི་ཡི་གཏེར་ཁ་དེ་ཞིབ་འཇུག་ཁྲོད་གསོག་འཇོག་ཆེས་ཆེ་བའི་རྒྱུ་རྐྱེན་ཡིན་པའི་འགྲེལ་བཤད་ཡང་བྱས་ཡོད། ལི་ཡི་ཐོན་ཁུངས་དང་གསར་བྱུང་མེ་རི་འཕྱུར་བ། ཆེས་གཏིང་རིམ་དུ་བྲག་རྡོའི་ཞུན་ཁུ་འཁྱིལ་བ། ཁུ་ནུ་རི་རྒྱུད་ཆད་པ་སོགས་ལ་འབྲེལ་བ་དམ་པོ་ཡོད། ལེ་འདུས་ཆུ་མུ་མཐུད་དུ་རྒྱང་ཐག་རིང་པོར་སྐྱེལ་འདྲེན་བྱེད་པ་དེ་ཚྭ་ཆུ་གཏེར་ཁ་རུ་གྲུབ་ཐུབ་མིན་གྱི་ས་བབ་དང་ས་ཆུའི་གནམ་གཤིས་དང་འབྲེལ་བ་དམ་པོ་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།