ཡུལ་ཤུལ་ཁུལ་གྱིས“སློབ་བྱོལ་འགན་སྲུང”ཐད་ཀྱིAPPཤར་གཏོང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། “སློབ་བྱོལ་འགན་སྲུང”ལ་དཀའ་ཁག་ཆེ་བ་དང་ཁ་གྲངས་གསལ་པོ་མི་ལོན་པའི་གནས་ཚུལ་ལ་ཁ་གཏད་ནས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་སྔ་གཞུག་ཏུ“སློབ་བྱོལ་འགན་སྲུང”ཐད་ཀྱིAPPམ་ལག་སྟེགས་བུ་ལ་ཞིབ་འཇུག་གསར་བཟོ་བྱས་ཤིང་། ཟླ5པའི་ཚེས28ཉིན་དངོས་སུ་ཤར་གཏོང་བྱས་པ་རེད། དེས་ཡུལ་ཤུལ་ཁུལ་གྱིས་དངོས་སུ“ཆ་འཕྲིན་དྲ་རྒྱ+སློབ་བྱོལ་འགན་སྲུང”རྣམ་པ་གསར་པ་ཞིག་གསར་འཛུགས་བྱས་པ་དེ་མཚོན་པར་བྱས་ཡོད།

རྒྱུས་ལོན་བྱས་པ་ལས་ཤེས་གསལ་ལྟར་ན། “སློབ་བྱོལ་འགན་སྲུང”ཐད་ཀྱིAPPམ་ལག་སྟེགས་བུ་དེ་ཁྱོན་ཡོངས་ནས་ཞིབ་ཚགས་ཅན་དུ་བཏང་ཞིང་། སློབ་ཤོར་དང་སློབ་བྱོལ་བྱུང་བའི་སློབ་མ་དག་གི་ཡང་དག་པའི་ཁ་ཕྱོགས་ལ་རྒྱུས་ལོན་གསལ་པོ་བྱས་ཤིང་། སྤྱི་བདེ་སྡེ་ཁག་གིས་མཁོ་སྤྲོད་བྱས་པའི་མི་གྲངས་ཀྱི་གཞི་གྲངས་ཡིག་ཚགས་གཞིར་བཟུང་ནས་སློབ་ཚགས་ཡིག་ཆའི་བརྡ་འཕྲིན་ལ་རིགས་བཀར་གྱིས་ཞིབ་བསྡུར་བྱས་ཏེ་སློབ་ཤོར་དོགས་གཞི་ཅན་གྱི་སློབ་ལོ་རན་པའི་ན་ཆུང་བྱིས་པ་དག་བསྡོམས་རྩིས་བྱས་ཤིང་། དེ་མིན་མི་ཚོགས་གཙོ་བོ་དེ་རིགས་བཀར་གྱིས་རིམ་པ་རེ་རེ་བཞིན་རིགས་བཀར་གྱིས་བརྡ་རྟགས་གསལ་པོ་ཞིག་བཀོད་པ་རེད། ལས་བྱེད་མི་སྣ་དག་གིས་གློག་ཀླད་སྟེང་ནས་མ་ལག་སྟེགས་བུ་དེ་བེད་སྤྱོད་བྱས་ཤིང་ཁ་པར་སྟེང་ནས་བརྟག་དཔྱད་ཞིབ་ཀློག་དང་ཡིག་ཆ་བརྒྱུད་སྒྲོགས། གཞི་གྲངས་ཞིབ་བཤེར་བཅས་བྱས་ཡོད། མ་ལག་སྟེགས་བུ་དེས་ཉིན་རེ་རེར་རང་འགུལ་གྱིས་སློབ་ཚགས་ཀྱི་མ་ལག་བརྡ་འཕྲིན་ལ་རང་འགུལ་གྱིས་ཞིབ་བཤེར་བྱས་ཤིང་། སློབ་མ་སློབ་གྲྭར་ཞུགས་པའི་སློབ་ཚགས་ཅན་གྱི་སློབ་མ་དག་རང་འགུལ་གྱིས་ཞིབ་བཤེར་ཉུང་འཕྲི་བྱེད་པ་དང་ལོ་རེ་རེའི་སྲ་བརྟན་ཚད་གཞིའི་གནས་ཚུལ་དང་ཡིག་ཚགས་བྱང་བུ་བཟོས་པའི་ཁྱིམ་ཚང་དག་གི་བྱིས་པའི་སློབ་ཤོར་གནས་ཚུལ་ལ་ཡང་ཁྱོན་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་ནན་མོ་བྱས་ཏེ། “སློབ་བྱོལ་འགན་སྲུང”བྱ་བ་དེ་རིག་ནུས་ཅན་དུ་བཏང་ཡོད།

དེ་ལས་གཞན་ཡུལ་ཤུལ་ཁུལ་གྱིས་ད་ལོ་ནི“སློབ་བྱོལ་འགན་སྲུང་ཆེད་དོན་འགུལ་སྐྱོད་ལོ”ལ་གཏན་ཁེལ་བྱས་ཤིང་། མ་འོངས་བ་ན་སློབ་བྱོལ་འགན་སྲུང་བྱ་བ་དེ་རྫོང་དང་ཤང་སྡེ་བ་བཅས་ཀྱིས་གཅིག་བསྡུས་ཀྱིས་དཔྱད་སྡུར་བྱས་ཏེ། ཕུལ་བྱུང་ཚོགས་པ་དང་མི་སྒེར་གྱི་གོ་གནས་རིམ་འཕར་ལ་ཟུང་འབྲེལ་བྱེད་པ། ལྟ་སྐུལ་མི་སྣའི་ལོངས་སྤྱོད་ཀྱི་གཟེངས་བསྟོད་སྲིད་ཇུས་དང་དེའི་སྐོར་གྱི་དམངས་ཕན་སྲིད་ཇུས་ལ་ཟུང་འབྲེལ་བྱེད་པ། ཁུལ་དང་རྫོང་གི་སྒྲིག་ཁྲིམས་ལྟ་སྐུལ་སྡེ་ཁག་གིས་སློབ་བྱོལ་འགན་སྲུང་གི་གནས་ཚུལ་དེ་ཡང་ལྟ་སྐུལ་སྒྲིག་ཁྲིམས་ཀྱི་ཁྱབ་ཁོངས་སུ་བཞག་ཡོད། ད་ལྟའི་བར“སློབ་བྱོལ་འགན་སྲུང”ཐད་ཀྱིAPPལས་ཤེས་གསལ་ལྟར་ན།ཡུལ་ཤུལ་ཁུལ་ཡོངས་ཀྱི་ཁྱིམ་ཐོའི་སྟེང་གི་ལོ7ནས15བར་གྱི་འོས་འགན་སློབ་གསོ་མྱོང་བའི་མི་སྣའི་ཁ་གྲངས་ནི18773ཡིན་ལ། ཞིབ་བཤེར་ཉུང་འཕྲིའི་ཁ་གྲངས་དེ་བརྒྱ་ཆའི80ལ་སླེབས་པ་དང་། “སློབ་བྱོལ་འགན་སྲུང”བྱ་བར་གྲུབ་འབྲས་མངོན་གསལ་བླངས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།