ཁྱོ་གས་ཆུང་མ་གཅར་རྡུང་བྱས་ནས་བསད་རྗེས་ཁྲིམས་ཆད་བཅད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། ཧོར་རྫོང་མི་དམངས་སྨན་ཁང་གིས་བསམ་བཞིན་དུ་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་བཅའ་ཁྲིམས་ལྟར་མཉམ་དུ་འདྲི་ཞིབ་བྱས་པ་ལྟར་ན། ལི་ག་གེ་མོ་ཡིས་ཆུང་མར་གཅར་རྡུང་བྱས་ནས་བསད་རྗེས་ལོ་བཅུ་གཉིས་ཀྱི་ཁྲིམས་ཐག་བཅད།

རྒྱུས་ལོན་བྱུང་ལྟར་ན། ཚེས13ཉིན། ལི་ག་གེ་མོ་ཡིས་ཆུང་མ་ཡེན་ག་གེ་མོ་མི་གཞན་པ་ཞིག་དང་མཉམ་དུ་ཁྱིམ་ནས་འབྲེལ་བ་བྱུང་བ་ཤེས་རྗེས། ཡེན་ག་གེ་མོ་ལ་གཅར་རྡུང་བྱས། དེའི་སྐབས་སུ། ཡེན་ག་གེ་མོ་ཡིས་ལི་ག་གེ་མོ་ཡི་མཐེ་བོང་ལ་སོ་བཏབ་ནས་རྨས་རྗེས།  ལི་ག་གེ་མོ་ཡིས་ཡེན་ག་གེ་མོ་ཁང་བའི་ནང་དྲུད་ནས་གཅུར་རྡུང་བྱེད་ཞོར་ཐག་པས་བཀྱིགས་ཏེ་དབྱུག་པ་ཡིས་ལུས་ཀྱི་གང་ཡིན་སར་རྒྱབ། དེའི་རྗེས་ལི་ག་གེ་མོ་ཡིས་ཆུང་མ་ཡེན་ག་གེ་མོ་ཡི་སྟོད་ལྭ་བཤུས་ནས་ཆུ་འཁྱག་གིས་ཐེངས་འགའ་རྒྱབ་རྗེས་རྨས་སྐྱོན་ལྗི་མོ་ཕོག་ཡོད་པ་ཤེས་ནས་ཧོར་རྫོང་མི་དམངས་སྨན་ཁང་བསྐྱལ་ནས་མྱུར་སྐྱོབ་བྱས་ཀྱང་མྱུར་སྐྱོབ་མ་ཐུབ་པར་ཚེ་ལས་འདས་སོང་། དེ་ནས་ལི་ག་གེ་མོ་ཡིས་རང་ཉེས་རང་ཞུ་བྱས།

འདྲི་གཅོད་ཁྲིམས་ཁང་ལྟར་ན། ལི་ག་གེ་མོ་ཡིས་བསམ་གཟས་ནས་གཞན་གྱི་ལུང་ཕུང་ལ་གནོད་བསྐྱལ་ནས་ཚེ་ལས་འདས་པས། དེའི་བྱ་སྤྱོད་ནི་ཤེས་བཞིན་དུ་གཞན་ལ་གནོད་བསྐྱལ་བ་ཡིན་པས་གོང་ལྟར་ཐག་གཅོད་བྱས་སོ།

ལོ་ཙཱ་བ།རྟ་མགྲིན་དཔལ།