ཧོར་གྲོང་རྫོང་གི་སྐྱེས་པ་ཞིག་གིས་རང་གི་གྲོགས་པོ་ཡི་བྱིས་པ་བསླུ་འཚོང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་ཀྱི་མི་དམངས་ཉེན་རྟོག་པའི་རོགས་འདེགས་འོག ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུའུ་ལས་ཁུངས་ཀྱིས་བྱིས་པ་གཡོ་འཚོང་བྱེད་པའི་གྱོད་དོན་ཞིག་རྩད་ཆོད་བྱུང་། མིག་སྔར་དོགས་ཡོད་ཉེས་ཅན་ལི་ག་གེ་མོ་ཉེན་རྟོག་ཕྱོགས་ཀྱིས་ཉེན་དོན་བཀག་ཉར་བྱས་ཡོད་པ་རེད། བསླུ་འཚོང་ཐེབས་པའི་བྱིས་པ་དེ་ད་ལྟ་ཕ་མའི་གམ་དུ་འབྱོར་ཡོད་པ་རེད།

2014ལོའི་ཟླ4ཉིན། ཧོར་རྫོང་བོའོ་ཧྲི་སྡེ་བའི་སྡེ་མི་ཧོང་ག་གེ་མོ་དང་། ཆིན་ག་གེ་བཟའ་ཟླ་གཉིས་ཕྱི་རོལ་ཏུ་ལས་ཀ་འགྲོ་སྐབས། ཧོང་གེ་གེ་མོ་ཡིས་ལོ་གཅིག་ཅན་གྱི་བྱིས་པ་དེ་གྲོགས་པོ་ལི་ག་གེ་མོ་ལ་མངགས་བཅོལ་བྱས།ལི་ག་གེ་མོ༼ཕོ།ད་ལྟ་ལོ34།ཧོར་རྫོང་བོའི་ཧྲི་གྲོང་རྡལ་གྱི་མི།༽ཟླ་རེར་ལི་ག་གེ་མོ་ལ་འགྲོ་གྲོན་ངེས་ཅན་སྟེར་གྱི་ཡོད་པ་རེད། 2015ལོའི་ཟླ3པར། ཧོང་ག་གེ་མོ་བཟའ་ཟླ་གཉིས་ཕ་ཡུལ་དུ་ལོག་དུས་ལི་ག་གེ་མོ་དང་ཁོང་གཉིས་ཀྱི་བྱིས་པ་གཉིས་གར་སོང་ཆ་མེད་དུ་གྱུར་འདུག་པ་མ་ཟད། ལི་ག་གེ་མོ་ལ་འབྲེལ་བ་བྱེད་ཐབས་མེད་པར་གྱུར་བས། ཧོར་རྫོང་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་ཡར་ཞུ་བྱས།

གྱོད་དོན་སྙན་ཞུ་འབྱོར་རྗེས། ཧོར་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཉེན་རྟོག་མང་པོ་བཀོལ་ནས་མྱུལ་ཞིབ་ནན་མོ་དང་།དྲ་ཐོག་ཚོད་འཛིན་སོགས་ཀྱི་བྱེད་ཐབས་བཀོལ་ཏེ་ལོ་ངོ་གཉིས་ཀྱི་དཀའ་སྤྱད་འབད་བརྩོན་བརྒྱུད་མཐར།ཚེས6ཉིན་ཟི་ལིང་གྲོང་ཁྱེར་གྱི་ལི་ག་གེ་མོ་འཛིན་བཟུང་བྱས། དེའི་རྗེས། ཟླ3པའི་ཚེས11ཉིན།ཉེན་རྟོག་པ་ཡིས་གྲོ་ཚང་ཁུལ་ཧྲིག་ལིག་གྲོང་རྡལ་ལིན་ཧི་སྡེ་བའི་ཞིང་ཁྱིམ་ཞིག་ནས་བསླུ་འཚོང་བྱས་པའི་བྱིས་པ་ཧོང་ག་གེ་མོ་བདེ་ལེགས་ངང་བསྐྱབས།

འདྲི་ཞིབ་བྱས་པ་རྒྱུད།རུས་ཧོང་ཅན་གྱིས་བྱིས་པ་དེ་རང་གི་བྱིས་པ་ཡིན་པར་རྫུན་བཤད་དེ། གྲོ་ཚང་ནས་ཡིན་པའི་མི་སྣ་ཡན་ག་གེ་མོ་ཡི་ངོ་སྤྲོད་བྱས་པར་གཞིགས་སྒོར་6000བླངས་ཏེ་གྲོ་ཚང་རྫོང་ཡེའེ་ཧྲན་སྡེ་བའི་ཞིང་ཁྱིམ་ཞིག་ཏུ་གཉོར་སྐྱོང་གནང་བར་བྱས་པའི་གྱོད་དོན་དངོས་བྱུང་། མིག་སྔར་དོགས་ཡོད་ཉེས་ཅན་ལི་ག་གེ་མོ་ཡི་གྱོད་དོན་ལ་སྔར་ལས་ལྷག་པའི་སྒོ་ནས་ཐག་གཅོད་བྱེད་བཞིན་པའི་སྒང་ཡིན་ནོ།།

ལོ་ཙཱ་བ།རྟ་མགྲིན་དཔལ།