མཁའ་དབྱིངས་ནས་བོད་ལྗོངས་ཞི་བས་བཅིངས་འགྲོལ་ཐོབ་པའི་གྲོང་ཚོ་དང་པོ་པར་ལེན་པ།

༄༅།།མཁའ་དབྱིངས་ནས་བོད་ལྗོངས་ཞི་བས་བཅིངས་འགྲོལ་ཐོབ་པའི་གྲོང་ཚོ་དང་པོ་པར་ལེན་པ། 

མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་འདའ་རྫོང་ཀ་ཐོག་གྲོང་བརྡའི་ཀ་ཐོག་གྲོང་ཚོ་ནི་རྒྱ་མོལ་རྔུལ་ཆུའི་འགྲམ་དུ་ཆགས་ཡོད་ཅིང་། དེ་ནི་རྒྱལ་གཞུང་ལམ་317ཐོག་ནས་བོད་ལྗོངས་སུ་འགྲོ་བར་གྲོང་ཚོ་དང་པོ་དེ་ཡིན་པ་རེད། 1950ལོར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཅུན་ཤོག་བཅོ་བརྒྱད་དཔུང་སྐྱོད་བྱེད་དུས་ཀྱི་ཐེངས་དང་པོའི་འཐབ་འཛིང་བྱ་ཡུལ་ནི་ཀ་ཐོག་གྲོང་ཚོའི་ནང་ཁོངས་ཡིན་པ་རེད། དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་ལས་དྲན་གསོ་ཞུ་ཆེད། ཅུན་ཤོག་བཅོ་བརྒྱད་པས་རྒྱལ་མོ་རྔུལ་ཆུའི་གྲུ་ཁའི་བྲག་ངོས་སུ། བོད་ལྗོངས་ཞེས་པའི་ཡིག་འབྲུ་ཆེན་པོ་གཉིས་འདི་བྲིས་ཡོད་པ་རེད།