ཚོང་དོན་པུའུ་ཡིས་འཕྲལ་མར་ཕོ་བྲང་དཀར་པོའི་གསལ་བསྒྲགས་ལ་ལན་བཏབ་པ།

མི་དམངས་དྲ་བའི་འཕྲིན། ཨ་རིའི་ཕོ་བྲང་དཀར་པོས་ཚེས་29ཉིན་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ལ་དམིགས་ནས། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་འཕྲལ་མར་ལན་བཏབ་ཡོད་དེ། ང་ཚོས་ཕོ་བྲང་དཀར་པོས་ཁྱབ་བསྒྲགས་བྱས་པའི་ཐབས་ཇུས་རང་བཞིན་གྱི་གསལ་བསྒྲགས་ལ་བློ་ཡུལ་ལས་འདས་པ། འོན་ཀྱང་བསམ་ཚོད་ཐུབ་པ་ཞིག་རེད། འདི་ནི་ཡུན་རིང་མ་སོང་གོང་ཀྲུང་ཨ་ཕྱོགས་གཉིས་པོས་ཝ་ཧྲིང་ཐོན་དུ་ཐུན་མོང་གི་ངོས་འཛིན་བྱུང་བ་ལས་འགལ་ཡོད། ཨ་རི་ཕྱོགས་ཀྱིས་བྱ་ཐབས་ཅི་ཞིག་བཏོན་ཀྱང་། ཀྲུང་གོ་ཕྱོགས་ལ་ཀྲུང་གོའི་མི་དམངས་ཀྱི་ཁེ་ཕན་དང་རྒྱལ་ཁབ་ཀྱི་སྲོག་ཤིང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཡིད་ཆེས་དང་ནུས་པ། ཉམས་མྱོང་བཅས་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་མཉམ་འབྲེལ་གསལ་བསྒྲགས་དགོངས་དོན་ལྟར་གཅིག་ལ་གཅིག་གཏད་ཀྱི་མདུན་དུ་བསྐྱོད་པར་སྐུལ་ལྕགས་བཏང་ཡོད།