ཐེམ་ཆེན་རྫོང་གིས་དུས་རབས་གསར་པའི་ན་ཆུང་ཕུལ་བྱུང་ཅན་ཞེས་པའི་གཟེངས་བསྟོད་ཚོགས་ཆེན་བསྡུས་པ།

ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་འཛིན་པ།ལོ་ཆུང་གཞོན་ནུ་ཚོའི་མི་ཚེའི་གོམ་ཁ་དང་པོ་ཡང་དག་གི་ལམ་ལ་ཞུགས་པའི་ཆེད་དུ།  ཟླ5བའི་ཚེས30ཉིན་ཐེམ་ཆེན་རྫོང་གིས་དུས་རབས་གསར་པའི་ན་ཆུང་ཕུལ་བྱུང་ཅན་ཞེས་པའི་གཟེངས་བསྟོད་ཚོགས་ཆེན་བསྡུས་ཤིང་། རྫོང་དཔལ་ཡོན་གཞུང་ལས་ཁང་དང་རྗེས་རབས་པའི་བྱ་བར་ཐུགས་ཁུར་བྱ་བའི་ཨུ་ཡོན་ལྷན་ཁང་། གུང་གཞོན་ཚོགས་པ་ཐེམ་ཆེན་རྫོང་ཨུ ། རྫོང་བུད་མེད་ལྷན་ཚོགས ། རྫོང་སློབ་གསོ་ཅུའུ་སོགས་ཀྱི་འགན་ཁུར་བློ་མཐུན་རྣམ་པ་གཙོ་བྱས་སློབ་གྲྭ་སོ་སོའི་དགེ་སློབ་འཐུས་ཚབ་པ་ཚོགས་འདུར་ཞུགས།

གཟེངས་བསྟོད་བྱ་དགའ་ཐོབ་པའི་སློབ་བུ།

ཐེངས་འདིའི་གཟེངས་བསྟོད་ཚོགས་ཆེན་ལས ། འདས་པའི་ལོ་གཅིག་གི་རིང་ལ་རྫོང་ཡོངས་ཀྱི་སློབ་གྲྭ་སོ་སོ་ནས་རྒན་བཀུར་གཞོན་གཅེས་དང་གཞན་ལ་རོགས་རམ ། རང་མགོ་རང་ཐོན  ། གཞུང་དྲང་བཀུར་ལྡན། ཧུར་བརྩོན་གྲོན་ཆུང་། ཚན་རིག་གསར་གཏོད་སོགས་ཕྱོགས་དྲུག་ནས་བྱ་སྤྱོད་འབུར་ཐོན་ཡིན་པའི་ན་ཆུང་ཕུལ་བྱུང་ཅན་བཅུ་དུས་རབས་གསར་པའི་ལོ་ཆུང་གཞོན་ནུ་ཚོས་མིག་དཔེ་ལྟ་ས་བྱས་ཏེ། སློབ་མ་ཚོའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་དུ་བསྟར་བ་དང་། ནར་མ་སོན་པའི་བྱིས་པས་ཏང་གི་ཁ་ལ་ཉན་ཞིང་ཏང་གི་རྗེས་སུ་འབྲངས་པ། ཡ་རབས་གུས་ཞབས་དང་ཆེ་བཀུར་ཆུང་བྱམས་ཡོད་པ། མེས་རྒྱལ་དང་མི་དམངས་ལ་བློ་དཀར་བ ། ཆུང་དུས་ནས་བཟུང་འདུན་ལམ་ཡོད་པ། སློབ་སྦྱོང་དང་ངལ་རྩོལ་ལ་དགའ་བ ། མི་རིགས་བསྐྱར་དར་ལ་འགན་ཁུར་ཐུབ་པའི་དུས་རབས་གསར་པའི་མི་རབས་གསར་པ་ཞིག་བྱེད་པར་སྣ་འདྲེན་བྱ་རྒྱུ་དེའོ །

གཟེངས་བསྟོད་བྱ་དགའ་ཐོབ་པའི་སློབ་བུ།

གཟེངས་བསྟོད་ལས་ལོ་ཆུང་གཞོན་ནུ་དང་ནར་མ་སོན་པའི་བྱིས་པ་ཚོའི་སློབ་སྦྱོང་དང་འཚོ་བའི་ཁྲོད་འབད་བརྩོན་ལྷོད་མེད་ཀྱི་སེམས་ཤུགས་དང་ནུས་པ་བླ་ལྷག་ཐོན་པ་མ་ཟད། སློབ་མ་རང་སྟེང་ནས་བྱ་བ་ཆེ་ཆུང་གང་ཡིན་ཡང་རང་ཉིད་ནས་བསྒྲུབ་རྒྱུ་དང་རང་ཉིད་ནས་མགོ་རྩོམ་པའི་ཆོད་སེམས་ཤིག་རྙེད་ཡོད་ལ། ཡ་རབས་སྤྱོད་བཟང་དང་ཤེས་ཡོན་གཉིས་ལྡན་གྱི་དུས་རབས་གསར་པའི་ན་ཆུང་ཕུལ་བྱུང་ཅན་ཞིག་ཏུ་འགྱུར་བར་རེ་བས་ཁེངས་ཡོད །

སློབ་མའི་འཐུས་ཚབ་པའི་གཏམ་བཤད་གནང་བཞིན་པ།

ཚོགས་རའི་ཟུར་ཞིག

གསར་འགོད་པ། གཅོད་པ་ཐར། བཀྲ་ཤིས་རྒྱལ།