དཔའ་ལུང་རྫོང་གི་ཏང་ཡོན་ལས་བྱེད་པ19ཡི་བརྩམས་ཆོས་ལ་གཟེངས་བསྟོད་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ད་ལྟའི་ཆར་དཔའ་ལུང་ཧའེ་རིགས་རང་སྐྱོང་རྫོང་གིས་ཟླ5པའི་ནང་རྩ་འཛུགས་སྒོས་སྤེལ་པའི“དཔའ་ལུང་ལ་དགའ་ཞེན་དང་དཔའ་ལུང་འཛུགས་བསྐྲུན། དཔའ་ལུང་ལ་བྱས་རྗེས་འབུལ་བ”བཅས་བརྗོད་དོན་ཡིན་པའི་རྩོམ་ཡིག་བསྡུ་ལེན་བྱས་པའི་རྩོམ་པ་པོ19ལ་མི་སྒེར་བྱ་དགའ་དང་ཐུན་མོང་ལ་གཅིག་གྱུར་གྱིས་གཟེངས་རྟགས་གནང་བ་རེད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། བྱ་འགུལ་དེ་སྤེལ་བའི་དུས་སྐབས་སུ། དཔའ་ལུང་རྫོང་གི་ཏང་ཡོན་ལས་བྱེད་པ་དག་གིས་འཕྲོ་རིམ་འཕྲོར་རྩོམ་ཡིག་བསྐུར་ཡོང་ནས་ཧུར་ཐག་གིས་བྱ་འགུལ་དེའི་ཁྲོད་ཟབ་ཞུགས་བྱས་པ་རེད། སྐབས་དེར་ཁྱོན་བསྡོམས་འགྲན་ཞུགས་བརྩམས་ཆོས85བསྡུས་པ་དང་དཔྱད་སྡུར་ཚན་ཆུང་གིས་གཟབ་ནན་དང་དྲང་བདེན། སྤྱི་སྙོམས་བཅས་ཀྱི་སྒོ་ནས་དཔྱད་འདེམས་བྱས་པ་བརྒྱུད་ཨང་དང་པོ1དང་ཨང་གཉིས་པ3། ཨང་གསུམ་པ5། ཕུལ་བྱུང10བཅས་བདམས་ཐོན་བྱུང་། དེ་དང་ཆབས་ཅིག་ཏུ་ཐེངས་འདིའི་འགྲན་སྡུར་ཁྲོད་ཟབ་ཞུགས་བྱས་པའི་རྩོམ་ཡིག་གི་ནང་དོན་ཡང“དཔའ་ལུང་ལ་དགའ་ཞེན་དང་དཔའ་ལུང་འཛུགས་བསྐྲུན། དཔའ་ལུང་ལ་བྱས་རྗེས་འབུལ་བ”བཅས་ཀྱི་དཔྱད་སྡུར་བྱ་འགུལ་ཆེན་མོའི་བརྗོད་དོན་དང་འབྲེལ་བ་དམ་པོ་ཡོད་ལ། འགྲན་ཞུགས་པ་དག་གིས་ཟུར་ངོས་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བ་གཞིར་བཟུང་ནས། རྣམ་པ་མི་འདྲ་བའི་ཐབས་ལམ་བརྒྱུད་དེ་དཔའ་ལུང་འཛུགས་བསྐྲུན་བྱེད་པར་བྱས་རྗེས་ཕུལ་བའི་བསྟོད་ཡིག་དྲངས་ཡོད། རྩོམ་ཡིག་གི་ནང་དོན་ཡང་ལས་ཁུངས་གང་དེའི་ལས་རིགས་བཅོས་སྒྱུར་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཤིང་། དཔའ་ལུང་གི་འཕེལ་རྒྱས་ཐད་འཛུགས་བསྐྲུན་རང་བཞིན་གྱི་བསམ་འཆར་བཏོན་ཏེ། ་ཁྱོན་ཡོངས་ནས་ཏང་ཡོན་ལས་བྱེད་པ་དག་གིས་དཔའ་ལུང་ལ་དགའ་ཞེན་དང་དཔའ་ལུང་ལ་བྱས་རྗེས་ཕུལ་བའི་འཕེལ་རྒྱས་ཁྲོད་ཀྱི་དཀའ་སྡུག་གི་ལས་རིགས་གསར་གཏོད་དང་ཧུར་བརྩོན་གྱི་འདུ་ཤེས། བློ་སེམས་གཅིག་སྒྲིལ། སྤོབས་པ་ཆེར་བསྐྱེད་ཀྱི་སྙིང་སྟོབས་རྣམ་པ་སོགས་ཚུར་སྣང་བྱས་ཡོད་ལ། དུས་དང་བསྟུན་པའི་འཕེལ་རྒྱས་ཀྱི་དུས་རབས་གསར་པའི་སྙིང་སྟོབས་ཀྱི་དགོངས་དོན་དེ་ཡང་མཚོན་པར་བྱས་ཡོད།

དཔའ་ལུང་རྫོང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཞིས་དབྱིས་ལོའུ་ཡིས་བསྟན་དོན། འགྲན་ཞུགས་རྩོམ་ཡིག་ཁྲོད་ཀྱི་ཚིག་འབྲུ་རེ་རེ་དོན་དངོས་ཡིན་ཞིང་ཚན་པ་རེ་རེར་སྟོབས་ཤུགས་ལྡན། རྩོམ་རིག་རེ་རེ་ཡང་ནུས་སྟོབས་ཁྱད་པར་ཅན་གྱིས་ཁེངས་ཡོད་པས། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་དཔའ་ལུང་གསར་པ་འཛུགས་བསྐྲུན་བྱེད་པར་མཛུབ་སྟོན་གྱི་ཁ་ཕྱོགས་གསལ་པོ་ཞིག་བསྟན་ཡོད་ཟེར། ང་ཚོས་ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་ཁྲོད་བཏོན་པའི་དཔའ་ལུང་ལ་དགའ་ཞེན་ཆེ་བའི་བསམ་བློ་གསར་པ་འདི་དག་དཔའ་ལུང་འཛུགས་བསྐྲུན་བྱེད་པའི་དོན་དངོས་ཀྱི་འགུལ་སྐྱོད་ཁྲོད་བསྒྱུར་ནས་འཛུགས་བསྐྲུན་གསར་པར་སྣེ་ཁྲིད་དང་། རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དག་གིས་བྱས་རྗེས་ཀྱི་སྙིང་སྟོབས་ལ་སྣེ་ཁྲིད་བྱས་ནས། དམིགས་འབེན་གསར་པ་དང་བཀོད་སྒྲིག་གསར་པ་ལ་བརྟེན་ནས་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་དཔའ་ལུང་གསར་པ་ཞིག་འཛུགས་བསྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཟེར།

ལོ་ཙཱ་བ། ལྷ་དཔལ་སྐྱབས།