སྐྱེས་པ་ཞིག་གིས་གང་འདོད་དུ་ཉེན་བརྡ་ཐེངས་བཅུ་བཞིར་བཏང་པས་འཛིན་བཟུང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་བྱང་ཁུལ་སྤྱི་བདེ་ཅུའུ་ཡིས་གང་འདོད་དུ110ལ་ཁ་པར་བཏང་ནས་སྤྱི་སྤྱོད་བདེ་འཇགས་ལ་གཏོར་བཤིག་གཏོང་བའི་གྱོད་དོན་ཞིག་རྩད་ཆོད་བྱུང་། སྐྱེས་པ་ཞིག་གིས་གིས་གང་འདོད་དུ་ཉེན་བརྡ་ཐེངས14ལ་བཏང་པས་ཉེན་རྟོག་ཕྱོགས་ཀྱིས་སྲིད་འཛིན་བཀག་ཉར་བྱས།

ཟླ5པའི་ཚེས27ཉིན་གྱི་སྔ་དྲོར། མཁར་བྱང་ཁུལ་སྐྱེ་དངོས་ཁུལ་གྱི་ཟི་ག་གེ་མོ་ཡིས་ཁ་པར་སྤྱད་ནས་སྔ་གཞུག་ཏུ་ཐེངས14ལ་གང་འདོད་དུ110ལ་ཁ་པར་བཏང་བ་མ་ཟད། གྲོང་མིར་ཞབས་ཞུའི་ཁ་པར12345ལ་ཡང་ཐེངས7ལ་ཁ་པར་བཏང་ནས་ཁ་པར་སྣེ་ལེན་མཁན་ལ་སྡིགས་དམོད་བྱས་ཏེ།  བྲེལ་མྱུར་ཆེ་བའི་ཁ་པར་གཞན་དག་སྣེ་ལེན་བྱེད་ཐབས་མེད་པར་བཟོས། ཟི་ག་གེ་མོ་ཡིས110དང12345གཉིས་ཀྱི་སྤྱི་པའི་ཞབས་ཞུ་སྟེགས་བུར་གནོད་སྐྱོན་ཚབས་ཆེན་བཟོས་པ་རེད།

མཁར་བྱང་ཁུལ་སྤྱི་བདེ་ཅུའུ་སྐྱེ་དངོས་ཁུལ་མངགས་གཏོང་ཁང་གིས110བཀོད་འདོམས་ལྟེ་གནས་ནས་བཀོད་འདོམས་བྱས་རྗེས། སྐྱེ་དངོས་ཁུལ་གྱི་སྡོད་ཁུལ་ཞིག་གི་སྒོ་འགྲམ་དུ་སྤྱི་བའི་འགྲིག་ལམ་ལ་གཏོར་བརླག་གཏོང་མཁན་གྱི་ཟི་ག་གེ་མོ་ཡུལ་དངོས་ནས་འཛིན་བཟུང་བྱས་པ་དང་། ཞིབ་བཤེར་བྱས་པ་བརྒྱུད། ཁྲིམས་འགལ་མཁན་ཟི་ག་གེ་མོ་ཡིས་གང་འདོད་དུ110དང12345ལ་ཁ་པར་བཏང་ནས་སྤྱི་པའི་འགྲིག་ལམ་ལ་གཏོར་བརླག་བྱས་པ་ཁས་ལེན་བྱས་པ་རེད།

ད་ཆ། ཉེན་རྟོག་ཕྱོགས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》 ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ཁྲིམས་འགལ་མཁན་ཟི་ག་གེ་མོར་ཉིན་བཅུའི་སྲིད་འཛིན་བཀག་བསྐྱིལ་དང་སྒོར500ཡི་ཆད་པ་བཅད་པ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།