2018ལོའི་ཀྲུང་གོའི(མཚོ་སྔོན)བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་གཟབ་རྒྱས་ངང་འཚོགས་མགོ་ཚུགས་པ།

ཟླ6པའི་ཚེས2ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ཝང་ཅིན་ཅུན་གྱིས2018ལོའི་ཀྲུང་གོའི(མཚོ་སྔོན)བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་དངོས་སུ་ཚོགས་པ་ཁྱབ་བསྒྲགས་གནང་བ་དང་ཆབས་ཅིག  ཀྲུང་གོའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ལས་རོགས་རེན་ཧུན་པིན་དང་།ཀྲུང་གོའི་ཉོ་ཚོང་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཁྲེན་ཀྲོའུ་གཉིས་དང་ལྷན་དུ་སྐབས་འདིའི་འགྲེམས་ཚོགས་ཀྱི་ཡོལ་བ་ཕྱེས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅིན་ཅུན་སོགས་འགོ་ཁྲིད་ཀྱིས་འགྲེམས་སྟོན་ལྟེ་གནས་སུ་སྐོར་གཟིགས་ལ་ཕེབས་དུས་རྒྱལ་ཕྱིའི་འགྲེམས་ཞུགས་སྐུ་མགྲོན་བར་བསམ་བློ་བརྗེ་རེས་བྱེད་པའི་ཚུལ།

ཟླ་དྲུག་པའི་ཟི་ལིང་ནི་གནམ་ངོ་གསལ་ལ་དྭངས་ཤིང་། བསིལ་རླུང་ཕྱོགས་སུ་ལྡང་འོང་།  ཟླ6པའི་ཚེས2ཉིན་གྱི་སྔ་དྲོར། 2018ལོའི་ཀྲུང་གོའི(མཚོ་སྔོན)བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་དེ་རང་རེའི་ཞིང་ཆེན་གྱི་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ཝང་ཅིན་ཅུན་གྱིས2018ལོའི་ཀྲུང་གོའི(མཚོ་སྔོན)བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་དངོས་སུ་ཚོགས་པ་ཁྱབ་བསྒྲགས་གནང་བ་དང་ཆབས་ཅིག  ཀྲུང་གོའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ལས་རོགས་རེན་ཧུན་པིན་དང་།ཀྲུང་གོའི་ཉོ་ཚོང་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཁྲེན་ཀྲོའུ་གཉིས་དང་ལྷན་དུ་སྐབས་འདིའི་འགྲེམས་ཚོགས་ཀྱི་ཡོལ་བ་ཕྱེས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅིན་ཅུན་སོགས་འགོ་ཁྲིད་ཀྱིས་འགྲེམས་སྟོན་ལྟེ་གནས་སུ་སྐོར་གཟིགས་ལ་ཕེབས་དུས་རྒྱལ་ཕྱིའི་འགྲེམས་ཞུགས་སྐུ་མགྲོན་བར་བསམ་བློ་བརྗེ་རེས་བྱེད་པའི་ཚུལ། 

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་དྲུང་ཡིག་ཆེ་མོ་ཡུས་ཀྲུང་ལེ། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝུའུ་ཧའེ་ཁུན།  ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཐིན་ཅིན་ཁྲེན།  ཞིང་ཆེན་སྲིད་གཞུང་གི་དྲུག་ཡིག་ཆེ་མོ་ཀྲང་ཧུང་ཡོན་སོགས་ཞིང་ཆེན་གྱི་འགོ་ཁྲིད་དང་། ཧི་ནན་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཧེ་ཅིན་ཕིང་།  དེ་མིན་སྤུན་ཟླ་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་བཅས་ཁག་ནས་ཡོང་བའི་འགོ་ཁྲིད།  ཐུ་ཁུ་མན་སི་ཐིན་གྱི་ཀྲུང་གོ་བཅའ་སྡོད་གཞུང་ཚབ་པ་ཆི་ནཱར·ལུ་སི་ཅེ་མོ་ཝ།   སི་ལེ་ལན་ཁའི་མིན་ཙན་རོན་ཐེ། ཀྲི་ལི་རྒྱལ་ཚོགས་ཀྱི་གྲོས་མི་ཧོ་ཨན·པཱ་པུ་ལོ·ལའེ་ཐེ་ལེར། ཕ་ཁེ་སི་ཐན་ཚོང་དོན་པུའུ་ཡི་པུའུ་ཀྲང་ལས་རོགས་ཨན་རྗོམ·ཨ་ས་ཏེ·ཨ་མེ་སོགས་རྒྱལ་ཕྱིའི་གཞུང་ཚབ་པ་དང་སྲིད་ཕྱོགས་ཀྱི་མི་སྣ་གལ་ཆེན་དག་འགྲེམས་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས།

 

ཐེངས་འདིའི་འགྲེམས་ཚོགས་ཀྱི་བརྗོད་བྱང་ལ་ས་གདན་དག་མ་འཐག་ནས་འཛམ་གླིང་གི་ཁུལ་གཅིག་ལམ་གཅིག་ལ་སྦྲེལ་ཟམ་འདིང་ཞེས་པ་ཡིན་ཞིང་། ཚོགས་ཡུན་ཉིན་ལྔ་རེད།  འགྲེམས་ཚོགས་འདི་རྒྱལ་ཁབ་ཚོང་དོན་པུའུ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་གནང་ཞིང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་དང་། ཀྲུང་གོའི་བོད་གདན་མཐུན་ཚོགས། ཀྲུང་གོའི་ཉོ་ཚོང་སྐུལ་སྤེལ་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་གྱི་ཡན་ལག་ལྷན་ཚོགས། ཀྲུང་གོའི་བཟའ་ཆས་དང་ཡུལ་ཕྱུག་ཕྱིར་གཏོང་གནང་འདྲེན་ཚོང་དོན་ལྷན་ཚོགས། ཀྲུང་གོའི་ཁྱིམ་སྤྱོད་འཐག་བསླས་ཐོན་རྫས་ལས་རིགས་མཐུན་ཚོགས་བཅས་ཀྱིས་སྒྲུབ་འགན་འཁུར་བ་རེད། 

འགྲེམས་ཚོགས་ཡོངས་འགྲེམས་ཁང་A、B、Cབཅས་ཁག་གསུམ་དང་། ཐང་ཆེན་འགྲེམས་ཁུལ་བཅས་སུ་བགོས་ཡོད་ཅིང་། འགྲེམས་ཁང་Aནང་ཀྲུང་གོའི་སྤུས་ལེགས་ས་གདན་བཤམས་ས་ཡིན་པ་དང་། Bནི་རྒྱལ་སྤྱིའི་སྤུས་ལེགས་ས་གདན་བཤམས་ས་ཡིན། Cནི་ས་གནས་ལག་རྩལ་ཉམས་རོལ་བྱེད་ས་ཡིན་པ་དང་།  འགྲེམས་སྟོན་གྱི་ས་ཁྱོན་ཧ་ལམ་སྨི་གྲུ་བཞི་མ་ཁྲི5ཟིན་ལ། བསྡོམས་པས་ཚད་ལྡན་བཤམས་སྟེགས2000བཀོད་སྒྲིག་བརྒྱབ་ཡོད་པ་རེད།  གཙོ་བོ་རྒྱལ་ཁབ་ཕྱི་ནང་གི་གནའ་བོའི་ས་གདན་དང་།  རྒྱལ་ཁབ་སོ་སོའི་ལག་རྩལ་རྩེ་གྲས་དང་འཕྲུལ་འཁོར་རྩེ་གྲས་འཐག་པའི་ས་གདན། རྒྱལ་ཁབ་སོ་སོའི་ཁོར་སྲུང་གི་སྤུས་ལེགས་པའི་ས་གདན།  ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་བོད་ཀྱི་ས་གདན་རིག་གནས། ས་གདན་གྱི་དཔེ་རིས་སོགས་བཤམས་ཡོད། ལྷག་པར་སྐབས་སྔོན་མའི་འགྲེམས་སྟོན་དང་མི་འདྲ་ས་ནི་ད་ལོའི་འགྲེམས་སྟོན་དུ་གསར་གཏོད་ཀྱི་རྣམ་པས་མཚོ་སྔོན་གྱི་ཡུལ་ཤུལ་དང་མགོ་ལོག་ས་ཁུལ་གཉིས་སུ་སྐོར་བསྐྱོད་འགྲེམས་སྟོན་ཐོག་དང་པོར་བྱས་པ་དེ་རེད། 

ལོ་ངོ་བཅོ་ལྔའི་རིང་གི་ཀྲུང་གོའི་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་དེ་མཚོ་སྔོན་གྱི་རྒྱལ་སྤྱིའི་ཉོ་ཚོང་བརྗེ་སྤེལ་གྱི་སྡིངས་ཆ་གལ་ཆེན་ཞིག་ཏུ་གྱུར་བར་མ་ཟད། དུས་རབས་གསར་པའི་ནང་མཚོ་སྔོན་ཉིད་ཁུལ་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་སྤེལ་ཐུབ་ཡོད་པས། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་དང་ཕྱི་ཕྱོགས་ལ་སྒོ་མོ་ཡངས་པོ་ཞིག་འབྱེད་པར་ལེགས་རྗེས་ཆེན་པོ་བཞག་ཡོད་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།