2018ལོའི་ཀྲུང་གོ་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་ཚོགས་འགོ་བརྩམས་པ།

ཟླ6པའི་ཚེས2ཉིན་གྱི་སྔ་དྲོར། 2018ལོའི་ཀྲུང་གོ་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། ཧྲིན་ཀྲང་ཝང་ཅན་ཅོན། ཚོང་དོན་པུའུ་ཡི་པུའུ་ཀྲང་ལས་རོགས་པ། ཀྲུང་གོ་ཚོང་སྐུལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཁྲིན་ཀྲིག་བཅས་འགོ་ཚུགས་མཛད་སྒོར་ཞུགས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་ཏང་ཨུའི་རྒྱུས་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལེ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུས་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བུའུ་ཧའེ་ཁུན།ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲང་ཧོང་ཡོན་སོགས་ཞིང་ཆེན་འགོ་ཁྲིད་དང་། ཞིང་ཆེན་གཞན་པའི་འབྲེལ་ཡོད་འགོ་ཁྲིད་སོགས་འགོ་ཚུགས་མཛད་སྒོའི་ནང་ཞུགས།

ཐེངས་འདིའི་འགྲེམ་ཚོགས་ཀྱིས། “སྐྱོན་བྲལ་འཚེ་མེད་ཀྱི་བོད་ལུགས་ས་གདན་འཁལ་འཐག་དང‘ས་ཁུལ་གཅིག་དང་ལམ་བུ་གཅིག’”བརྗོད་དོན་དུ་བཟུང་སྟེ་འགྲེམ་སྟོན་ཉིན་ལྔར་རིང་སྤེལ་རྒྱུ་རེད།  2018ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་བོད་ལུགས་ས་གདན་འགྲེམ་ཚོགས་ནི་རྒྱལཁབ་ཚོང་དོན་སྡེ་ཁག་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་ཐུན་མོང་ཐོག་གཙོ་བསྒྲུབ་དང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་ཀྲུང་གོ་བོད་ལུགས་ས་གདན་མཐུན་ཚོགས། ཀྲུང་གོ་ཚོང་སྐུལ་ཚོགས་པའི་མཚོ་སྔོན་ཞིང་ཆེན་ཡན་ལག་ཚོགས་པ། ཀྲུང་གོ་ཟས་རིགས་ནང་འདྲེན་ཚོང་ཚོགས། ཀྲུང་གོའི་ཁྱིམ་སྤྱོད་འཁལ་འཐག་ལས་རིགས་མཐུན་ཚོགས་བཅས་ཀྱིས་འགན་གཉེར་གནང་བརེད།

མཚོ་སྔོན་ཞིང་ཆེན་གྱི་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་ཀྱིA、B、Cཚོགས་ར་དང་ཐང་ཆེན་འགྲེམ་སྟོན་ཁུལ་བཅས་སུ་བཀོད་སྒྲིག་ལྟར། Aཚོགས་ཁང་ནས་ཀྲུང་གོའི་ཕུལ་བྱུང་ས་གདན་འགྲེམ་སྟོན་དང་། Bཚོགས་ཁང་ནས་རྒྱལ་སྤྱིའི་ཕུལ་བྱུང་ས་གདན། Cཚོགས་ཁང་ནས་སྤུས་ཀར་དངོས་སུ་ལྟ་ཆོག་པའི་ས་གདན་འགྲེམ་སྟོན་བྱ་རྒྱུ་རེད།འགྲེམ་སྟོན་ས་ཁྱོན་ལ་རྨི་རྒྱ་དཔངས་གྲུ་བཞི་མ་ཁྲི5ཡོད་པ་རེད།གཙོ་བོ། རྒྱལ་ནང་གི་གནའ་བོའི་ས་གདན་དང་། རྒྱལ་ཁབ་ཁག་གི་ལག་འཐག་ས་གདན་དང་འཕྲུལ་འཐག་ས་གདན། རྒྱལ་ཁབ་ཁག་གི་ཁོར་སྲུང་དང་། རྩེར་སོན་ས་གདན།ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་ཁག་གི་བོད་ལུགས་ས་གདན་རིག་གནས་དང་། དེ་བཞིན་བོད་ལུགས་ས་གདན་ཇུས་འགོད་རི་མོ་སོགས་འགྲེམ་སྟོན་བྱས། དེ་ལས་གཞན། མཚོ་སྔོན་ཡུལ་ཤུལ་དང་མགོ་ལོག་གཉིས་ནས་དུས་མཉམ་དུ་སྤེལ་རྒྱུ་ཡིན་པ་རེད།

ཤེས་གསལ་ལྟར་ན། འགྲེམ་ཚོགས་སྟེང་། “ས་ཁུལ་གཅིག་དང་ལམ་བུ་གཅིག” གི་དཔལ་འབྱོར་མཉམ་ལས་དང་ས་གདན་ཐོན་ལས་སྐྱོན་བྲལ་འཕེལ་རྒྱས་སྐོར་གྱི་ཚོགས་འདུ་དང་། ནམ་ཡང་ཉམས་པ་མེད་པའི་བོད་ལུགས་ས་གདན་སྟེ། ཀྲུང་གོའི་བོད་ལུགས་ས་གདན་གྱི་གྲོང་ཁྱེར། རྒྱལ་སྤྱིའི་ས་གདན་འགྲེམ་སྟོན་ཉོ་འཚོང་ལྟེ་གནས་ཀྱི་སྤེལ་འགོ་ཚུགས་པའི་མཛད་སྒོ་དང་། ས་གདན་ཆེད་ལས་མི་སྣའི་ཇུས་འགོད་ཐད་ཀྱི་གླེང་སྟེགས། བྱ་དགའ་འབུལ་བའི་བྱེད་སྒོ་རབ་དང་རིམ་པར་སྤེལ་ཏེ། རྒྱལ་ཁབ་ཕྱི་ནང་གི་ས་གདན་ཁེ་ལས་བར་ལ་སྔར་ལས་ལྷག་པའི་མཉམ་ལས་དང་རོགས་རེས་ཀྱི་སྟེགས་བུ་གསར་པ་བསྐྲུན།

ལོ་བཅོ་ལྔའི་རིང་། ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་བོད་ལུགས་ས་གདན་འགྲེམ་ཚོགས་དེ་མཚོ་སྔོན་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མ་ཟད། མཚོ་སྔོན་གྱིས་དུས་རབས་གསར་པའི་ནང“ས་ཁུལ་གཅིག་དང་ལམ་བུ་གཅིག”འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པའི་ཐད་སྐུལ་འདེད་དང་། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བ་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པའི་ཐད་བྱས་རྗེས་མི་དམན་པ་བཞག་ཡོད།

ལོ་ཙཱ་བ། ཀླུ་མོ།