གཞུང་དཀྱུས་ས་ཐིག་སྒང་གི་འཇའ་རིས་རྒྱལ་ཁམས----མགྲོན་གཙོ་ཕ་ཁི་སི་ཐན་གྱི་ས་གདན་འགྲེམ་སྟོན་བྱེད་སྒོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས3ཉིན་ལ2018ལོའི་ཀྲུང་གོའི་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི“སྐུ་མགྲོན་གཙོ་བོ”ཕ་ཁི་སི་ཐན་གྱི་བྱེད་སྒོ་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་སྤེལ།

ཉིན་དེའི“སྐུ་མགྲོན་གཙོ་བོ”བོའི་བྱེད་སྒོའི་བརྗོད་བྱང་ལ་གཞུང་དཀྱུས་ས་ཐིག་སྒང་གི་འཇའ་རིས་རྒྱལ་ཁམས་ཟེར་ཞིང་། གཙོ་བོ་བརྗེ་སྤེལ་མཉམ་ལས་སྟེགས་བུ་འཛུགས་སྐྱོང་བྱེད་པ་དང་།ཚོང་ལས་ཉོ་ཚོང་མཉམ་བསྲེས་གོང་སྤེལ་གསར་གཏོད་བྱེད་པ་བརྗོད་གཞིར་བཟུང་སྟེ།  ཡུལ་གྲུ་ཁག་གི་མི་རིགས་གོམས་སྲོལ་དང་གྱོན་ཆས། རིག་གནས་དང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་མཚོན་པའི་བརྙན་ཐུང་བརྒྱུད་དེ། མི་རྣམས་ལ་ཕ་ཁི་སི་ཐན་གྱི་རིག་གནས་དང་ལོ་རྒྱུས། མི་རིགས་བཟོ་རྩལ། ས་གདན་བཟོ་རྩལ་གྱི་ཁྱད་ཆོས། དེ་མིན་ཀྲུང་གོ་དང་ཕ་ཁེ་སི་ཐན་དབར་གྱི་མཛའ་བརྩེ་སོགས་ནང་དོན་དུ་བྱས་ནས་མངོན་ཡོད་པ་རེད།   བྱེད་སྒོའི་ཐོག   ཕ་ཁི་སི་ཐན་གྱི་སྲོལ་རྒྱུན་རོལ་དབྱངས་དང་ཞབས་བྲོ་འཁྲབ་སྟོན་བྱས་ནས་གཟིགས་མོ་བ་རྣམས་ལ་རྒྱལ་ཁམས་གཞན་གྱི་རིག་གནས་སྒྱུ་རྩལ་ལ་མྱོང་རོལ་བྱེད་དུ་བཅུག་པ་དང་། དེ་ལས་རང་ཞིང་གི་བོད་རིགས་ཞབས་བྲོ་ལ་སྤྲོ་སེམས་ཀྱི་རབ་ཏུ་ཕྱུག་ཡོད་པས་རྒྱལ་ཁབ་གཉིས་ཀྱི་རིག་གནས་དེ་གར་སྟེགས་གཅིག་སྟེང་སོ་སོའི་ཁྱད་ཆོས་ངོམས།


ད་ལོ་ནི་བོད་ལུགས་ས་གདན་འགྲེམས་སྟོན་བྱས་པའི་ལོ་བཅོ་ལྔ་བ་དེ་རེད། ལོ་བཅོ་ལྔ་ཡི་རིང་ལ།  དེས་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཐོན་ལས་གོང་སྤེལ་ལ་སྐུལ་འཁྲིད་དང་། རྒྱལ་ཁབ་བར་གྱི་བརྗེ་སྤེལ་མཉམ་ལས་རྒྱ་བསྐྱེད་དུ་བཏང་བས།  སྒོ་འབྱེད་རྣམ་པའི་དཔལ་འབྱོར་མགྱོགས་པོར་གོང་དུ་སྤེལ་བའི་སྡིངས་ཆ་དང་སྒེའུ་ཁུང་གལ་ཆེན་དུ་གྱུར་ཡོད། ཕ་ཁི་སི་ཐན་ནི་ཐེངས་འདིའི་བྱེད་སྒོའི་ཁྲོད་གྲོས་འགོ་འདོན་མཁན་རྒྱལ་ཁབ་གྲས་ཀྱི་གཅིག་ཡིན་པའི་ཆ་ནས་མཚོ་སྔོན་ཞིང་ཆེན་དང“ཁུལ་གཅིག་ལམ་གཅིག”རྒྱུད་དུ་ཆགས་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་དང་བརྗེ་སྤེལ་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་ཕན་ནུས་གལ་ཆེན་བཏོན་ཡོད། ལྷག་པར་དུ་འགྲེམས་ཚོགས་ཀྱི་སྐུ་མགྲོན་གཙོ་བོ་ཡིན་པ་ངོས་ནས་མཚོ་སྔོན་ཞིང་ཆེན་བར་ཉོ་ཚོང་མཉམ་ལས་ལ་སྔར་ལས་ཤུགས་སྣོན་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རིག་གནས་བརྗེ་སྤེལ་ལ་སྐུལ་སྤེལ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།

བོད་ལུགས་ས་གདན་འགྲེམས་ཚོགས་འདི་བརྒྱུད་དེ་མཚོ་སྔོན་དང་ཕ་ཁི་སི་ཐན་གཉིས་ཀྱིས་ཉོ་ཚོང་འགྲོ་འོང་དང་། བརྗེ་སྤེལ་མཉམ་ལས་ལ་བརྟེན་ནས“ཁུལ་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད་མཛའ་མཐུན་གྱི་འབྲེལ་ཟམ་བཙུགས་ནས་འབྱུང་འགྱུར་གྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་ཤུགས་གསར་པ་བསྣན་ངེས་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།