པར་རིས་མིག་གི་དགའ་སྟོན།

བོད་ལུགས་ས་གདན་འགྲེམས་ཚོགས་ནི2004ལོ་ནས་བཟུང་ཚོགས་འགོ་ཚུགས་ཤིང་། ད་ལྟའི་བར་དུ་སྤྱིར་བཏང་གི་ཚོང་རྫས་འགྲེམས་ཚོགས་ནས་རྒྱལ་སྤྱིའི་ཆེད་ལས་ཚོང་རྟགས་འགྲེམས་ཚོགས་ཤིག་ཏུ་གྱུར་བའི་དུ་གཞི་ཁྱོན་རིམ་བཞིན་ཇེ་ཆེ་དང་ཆེད་ལས་ཀྱི་ཁྱད་ཆོས་མངོན་པར་དོད་པ། རྒྱལ་སྤྱིུའི་གོ་གནས་རྒྱུན་མཐུད་ཇེ་མཐོར་སོང་སྟེ། རང་ཞིང་གི་ཁྱད་ལྡན་ཐོན་ལས་གོང་སྤེལ་ལ་སྐུལ་འཁྲིད་དང་། རྒྱལ་སྤྱིའི་མཉམ་ལས་བརྗེ་སྤེལ་རྒྱ་བསྐྱེད་པ།  སྒོ་འབྱེད་རྣམ་པའི་དཔལ་འབྱོར་གོང་སྤེལ་མགྱོགས་སུ་བཏང་བའི་སྟེགས་བུ་དང་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

ཟླ6པའི་ཚེས3ཉིན་ལ། 2018ལོའི་ཀྲུང་གོའི་(མཚོ་སྔོན)བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་སུ་ཕེབས་པའི་ཤིན་ཅང་སྐུ་མགྲོན་གྱི་བྱེད་སྒོ་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་སྤེལ་བ།


པར་ནི་རྒྱལ་ཕྱིའི་འགྲེམས་ཞུགས་ཚོང་པས་སྤུས་ལེགས་ས་གདན་ལ་ལྟ་བའི་ཚུལ།

ཐུན་མིན་གྱི་མི་རིགས་ཁྱད་ཆོས་ལྡན་པའི་རེབ་གོང་འགྲེམས་ཁང་།

མཚོ་ནུབ་མྱོང་རོལ་ཁང་གི་ལས་བྱེད་པས་མི་རིགས་གོམས་གཤིས“ངོམ་པ”།

འགྲེམས་ཞུགས་ཚོང་པའི་བར་ཚོང་མོལ་བྱེད་པ།


ལོ་ཙཱ་བ། ཁོན་ཐར་འཚོ།