འཕྲིན་བཟང་། ཆོས་དབྱངས་སྐྱིད་ཀྱིས་འདུར་རྒྱུག་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་བླངས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་འདུར་རྒྱུག་འགྲན་བསྡུར་དེ་ཞིས་པན་ཡ་ལཱ་ཁུའུ་ལའོ་ཉིས་ཡ་ས་ཚུགས་ནས་སྤེལ་ཞིང་།  རང་ཞིང་གི་འདུར་རྒྱུག་ལུས་རྩལ་པ་གྲགས་ཅན་ཆོས་དབྱངས་སྐྱིད་ཀྱིས་སྐྱེས་མའི་སྤྱི་ལེ20ཅན་གྱི་འདུར་རྒྱུག་འགྲན་བསྡུར་ཁྲོད། དུས་ཚོད1དང་སྐར་མ26སྐར་ཆ28ཀྱི་གྲུབ་འབྲས་ཀྱིས་བྱ་དགའ་ཨང་དང་པོ་བླངས།  

2012ལོའི་ལོན་ཏུན་ཨོ་རྩལ་འགྲན་ཚོགས་སྟེང་དངུལ་གྱི་རྟགས་མ་བླངས་མྱོང་པའི་ཆོས་དབྱངས་སྐྱིད་ཀྱིས་ད་ལོའི་ཟླ3པའི་ཚེས3ཉིན།  རྒྱལ་ཡོངས་འདུར་རྒྱུག་འགྲན་བསྡུར་ཆེན་མོ་དང་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ཚོགས་པའི་འཛམ་གླིང་འདུར་རྒྱུག་ཐུན་མོང་འགྲན་བསྡུར་གྱི་འདེམས་བསྐོ་འགྲན་བསྡུར་ཨན་ཧོས་ནས་བསྡུས་ཏེ།   ཆོས་དབྱངས་སྐྱིད་ཀྱིས་དུས་ཚོད1དང་སྐར་མ27སྐར་ཆ36གི་གྲུབ་འབྲས་ཀྱིས་བྱ་དགའ་ཨང་དང་པོ་བླངས་ལ། 2018ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ཚོགས་པའི་འདུར་རྒྱུག་འགྲན་སྡུར་གྱི་ཕུའུ་ཐའོ་ཡ་ས་ཚིགས་ཀྱི་སྐྱེས་མའི་སྤྱི་ལེ20ཅན་གྱི་འགྲན་སྡུར་ཁྲོད། ཁོ་མོས་དུས་ཚོད1དང་སྐར་མ28དང་སྐར་ཆ04ཡི་གྲུབ་འབྲས་ཀྱིས་བྱ་དགའ་ཨང་དང་པོ་བླངས་པ་མ་ཟད། ཟླ5པའི་ཚེས5ཉིན།   2018ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ཚོགས་པའི་འཛམ་གླིང་འདུར་རྒྱུག་ཐུན་མོང་འགྲན་བསྡུར་ཁྲོད། ཀྲུང་གོའི་འཐུས་ཚབ་རུ་མི་ཆོས་དབྱངས་སྐྱིད་ཀྱིས་སྐྱེས་མའི་སྤྱི་ལེ20ཅན་གྱི་ཐུན་མོང་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་བླངས་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།