2018ལོའི་ཀྲུང་གོའི་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་ལས་ཡུལ་ཤུལ་ཁུལ་གྱི་ཆེད་དོན་དྲིལ་སྒྲོག་བྱེད་སྒོ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཟླ6པའི་ཚེས4ཉིན།  2018ལོའི་ཀྲུང་གོའི་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་ལས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་འགྲེམས་ཁངBནང་འགོ་ཚུགས་པ་རེད།

2018ལོའི་ཀྲུང་གོའི་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་ཐེངས་དང་པོར་ཡུལ་ཤུལ་དུ་བསྐྱོད་པ་དང་། འགྲེམས་སྟོན་ཟླ6པའི་ཚེས10ཉིན་ཡུལ་ཤུལ་འགྲེམས་ཚོགས་ལྟེ་གནས་སུ་སྤེལ་རྒྱུ་རེད། འདི་ནི་ཡུལ་ཤུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་དོན་གལ་ཆེན་ཞིག་དང་།  ཕྱི་ཕྱོགས་ཉོ་ཚོང་ལ་ཤུགས་སྣོན་ཏན་ཏིག་གཏོང་བའི་བྱེད་སྒོ་གལ་ཆེན་ཞིག་ཡིན་པ་མ་ཟད། ཡུལ་ཤུལ་གསར་པ་གང་ལེགས་ངོམ་སྟོན་དང་། ཕྱི་ཕྱོགས་སུ་སྤེལ་རེས་མཉམ་ལས་བྱེད་པའི་ལས་སྟེགས་ཧ་ཅང་བཟང་པོ་ཞིག་ཀྱང་རེད། ཡུལ་ཤུལ་གྱིས་སྔར་བས་ཧུར་བརྩོན་གྱི་རྣམ་འགྱུར་དང་དངོས་དོན་གཉེར་བའི་བྱེད་ཐབས་ཀྱིས་གོ་སྐབས་དམ་འཛིན་དང་། མཉམ་ལས་ཀྱི་གཞི་ཁྱོན་དང་ཟབ་ཚད། མཐོ་ཚད་བཅས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། མཉམ་ལས་འཕེལ་རྒྱས་སྔར་བས་མཛེས་སྡུག་ལྡན་པར་ཐུན་མོང་ཐོག་གཏོད་རྒྱུ་རེད།  

ཡུལ་ཤུལ་ཁུལ་གྱི་ཁུལ་དཔོན་གཞོན་པ་དང་ཡུལ་ཤུལ་གྲོང་ཁྱེར་གྱི་འགོ་གཙོ་བཀྲ་ཤིས་ཚེ་རིང་གིས་བཤད་རྒྱུར། སྐུ་མགྲོན་རྣམས་གཙང་གསུམ་ཆུ་འགོ་ལྷད་མེད་དྭངས་གཙང་གི་ཡུལ་ཤུལ་དུ་ཕེབས་ནས་ཡུལ་ཤུལ་ཁུལ་གྱི་བོད་ལུགས་ས་གདན་འགྲེམས་ཚོགས་ནང་ཞུགས་རྒྱུ་རེ་བ་ཡིན་ལ། ཡུལ་ཤུལ་གྱིས་ཧུར་པོའི་རྣམ་འགྱུར་དང་ལེགས་བཅོས་ཀྱི་འདུ་ཤེས།  བདེན་འཚོལ་དོན་གཉེར་གྱི་ཐབས་ཤེས་སྤྱད་དེ། མཉམ་ལས་ཀྱི་གཞི་ཁྱོན་དང་ཟབ་ཚད། མཐོ་ཚད་བཅས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། 2018ལོའི་ཀྲུང་གོའི་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་དེ་འགོ་ཚུགས་ས་གསར་པར་བྱས་ཐོག  འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་ཏན་ཏིག་དང་། ས་གནས་ཁག་གི་ཐུན་མོང་གི་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏང་ཆེད་བྱས་རྗེས་ཆེན་པོ་འཇོག་ངེས་ཡིན་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།