བོད་ལུགས་ས་གདན་འགྲེམས་ཚོགས་ཀྱི་མགོ་ལོག་ཁུལ་ཆེད་དོན་དྲིལ་བསྒྲགས་བྱེད་སྒོ།

 


གླུ་གར་འཁྲབ་སྟོན།

ས་གདན་སྤུས་ལེགས་འཐག་ནས“ཁུལ་གཅིག་ལམ་གཅིག”ལ་འབྲེལ་ཟམ་འདིང་ཞེས། བོད་ལུགས་ས་གདན་འགྲེམས་ཚོགས་དེ་མཚོ་སྔོན་བོད་ལུགས་ས་གདན་ཐོན་ལས་དང་རིག་གནས་འཛམ་གླིང་ལ་བསྐྱོད་པ་དང་། འཛམ་གླིང་གིས་མཚོ་སྔོན་ལ་ཤེས་རྟོགས་བྱེད་པའི་སྡིངས་ཆ་གལ་ཆེན་དུ་གྱུར་ཡོད།

       ཟླ6པའ་ཚེས4ཉིན་གྱི་སྔ་དྲོར། 2018ལོའི་ཀྲུང་གོའི(མཚོ་སྔོན)བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཆེད་དོན་དྲིལ་སྒྲོག་བྱེད་སྒོ་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་ནས་སྤེལ་བ་རེད།

མི་རིགས་གྱོན་ཆས་འཁྲབ་སྟོན།


རྒྱལ་ཕྱིའི་འགྲེམས་ཞུགས་ཚོང་མགྲོན་གྱིས་སྲོལ་རྒྱུན་ལག་རྩལ་ངོམ་སྟོན་བྱེད་ཚུལ།

གྲོང་ཁྱེར་སྡོད་དམངས་ཀྱིས་ས་གདན་འཐག་སླེ་བཟོ་རྩལ་ལ་ལྟ་བ།

ལོ་ཙཱ་བ། ཁོན་ཐར་འཚོ།